འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་11ཉིན།

༄༅།།བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་སེམས་དྲོ་བར་བྱེད་དགོས།

ཀུའེ་ཚུང་ལུའུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་11ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམངས་འཚོ་ནི་གཙོ་གནད་ཆེ་ཤོས་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ། དམངས་འཚོ་འཛུགས་སྐྱོང་དེ་ཉིད་སྔར་བས་དྲང་གཞག་དང་། དོ་སྙོམས། ཀུན་ཕན། ཁྱབ་གདལ་ཆོག་པ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་གསལ་པོ་བཏོན་པ་དང“དམངས་འཚོའི་མཐའ་ཚད་བརྟན་སྲུང་ཏན་ཏིག་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།

མདུན་ཕྱོགས་སུ་འཕེལ་རྒྱས་ཇི་ཙམ་བཏང་ན། གནད་དོན་ལ་འཛིན་པའི་འདུ་ཤེས་དེ་ཙམ་གྱིས་ཟབ་པ་དང་མཐའ་ཚད་ཀྱི་བསམ་གཞིག་དེ་ཙམ་གྱིས་ཆེ་བ་དགོས། སྟབས་བསྟུན་ལས་ཞུགས་ཚོགས་སྤྱིའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། གལ་ཏེ་མི་སེར་ལ་གློ་བུར་དུ་དཀའ་ངལ་འཕྲད་ན་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་མཚམས་འཇོག་སྲིད་དམ། དམངས་འཚོར་དོ་ཁུར་བྱེད་པ་ནི་ལས་ཀའི་ཤུགས་རྒྱག་ས་རེད་ལ། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཡང་རེད། དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་རྒྱུའི་འགག་རྩ་ནི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནས་འགོ་འཛུགས་དགོས།

དམངས་འཚོ་དམངས་སེམས་དང་འབྲེལ་ཞིང་། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱས་ན་གཞི་ནས་དམངས་སེམས་དྲོ་རུ་སོང་ནས་གདེང་ཚོད་ཆེ་རུ་དང་ལས་ཀ་བྱེད་སེམས་ཆེ་རུ་འགྲོ་ཐུབ། ང་ཚོའི་དེང་རབས་ཅན་ནི་སྒྲུབ་དཀའ་ཤོས་རེད་ལ་རླབས་ཆེ་ཤོས་ཀྱང་རེད། དཀའ་ངལ་ནི་ལས་ཀ་མང་པོ་ཞིག་མངོན་གསལ་དོད་པོ་མེད་པ་དང་དུས་ཚོད་ཐུང་ཐུང་ནང་གྲུབ་ཐུབ་པ་ཞིག་མིན་ཞིང་། འོན་ཀྱང་མི་དུང་ཕྱུར་14ལྷག་ཙམ་གྱིས་རེ་བ་ཆེན་པོ་བཅོལ་ཡོད་ལ། མི་སེར་གྱི་ཟས་གོས་འགྲོ་སྡོད་ལའང་དངོས་དངོས་རྗེན་རྗེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད། “འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན་པའི”བརྩེ་སེམས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། “གནམ་འོག་དོན་ཆེན་ཞིབ་ཕྲ་ནས་སྒྲུབ་པའི”འགན་སེམས་ཆེ་རུ་བཏང་ཚེ། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ལ་དམངས་སེམས་ཐོབ་ཐུབ་ངེས་ཀྱང་རེད།