འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་11ཉིན།

༄༅།།བྱང་ཐང་དུ་བྱང་ཚང་འདི་འདྲ་བཟོས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་11ཉིན། 13:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    བོད་རང་སྐྱོང་ལྗོངས་ནག་ཆུས་གྲོང་ཁྱེར་ཉི་མ་རྫོང་གི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྟེ་གནས་ཁུལ་དུ་བྱ་ཚང་བཅོས་མ་རེ་རེ་བཞིན་བཟོས་པས་ཁྲ་དང་བྱ་ཁྲ་གཤོག་རིང་སོགས་པའི་འདབ་ཆགས་གནས་བཅའ་ཡུལ་ཡིད་དུ་འོང་བར་གྱུར་ཡོད།

    ཉི་མ་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དོ་དམ་སྲུང་སྐྱོབ་ས་ཚིགས་ནོར་བུ་གཡུལ་རྒྱལ་གྱི་ཚུགས་དཔོན་སྐལ་བཟང་ལྷུན་འགྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཏུམ་བྱའི་རིགས་ནི་རྩྭ་ཐང་གི་བྱི་བའི་རིགས་ཀྱི་རང་བྱུང་དགྲ་བོ་ཡིན་པ་དང་། དེ་རིགས་འཚོ་གནས་དང་སྐྱེ་འཕེལ་གྱིས་རང་ངོས་ཀྱི་སྐྱེ་དངོས་རྒྱུན་མཐུད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། དེ་བས་རྒྱ་ཆེ་བའི་སྣོད་བཅུད་མ་ལག་ཁྲོད་སྣོད་བཅུད་དོ་མཉམ་གྱི་ནུས་པའང་ཐོན་བཞིན་ཡོད།

    བྱང་ཐང་དུ་ཤིང་སྡོང་དཀོན་པའི་དབང་གིས་གཏུམ་བྱའི་རིགས་ས་ངོས་སུ་ཚང་མི་བཟོ་ཐབས་མེད་བྱུང་བས། བྱ་ཕྲུག་ལ་གནོད་དེ་ཤི་བའི་བསྡུར་ཚད་ཧ་ཅང་ཆེན་པོ་རེད།

    ཉེ་བའི་ལོ་ཤས་རིང་། ནགས་ཚལ་དང་རྩི་ཤིང་སྡེ་ཚན་གྱིས་བྱང་ཐང་དུ་བྱ་ཚང་བཅོས་མ་བཟོས་པས། གཏུམ་བྱའི་རིགས་གསོན་ཚད་མངོན་གསལ་དོད་པོར་མང་དུ་ཕྱིན་པ་མ་ཟད། རྩྭ་ཐང་ཆ་ཤས་སུ་སོ་མི་བརྗེ་བའི་སྲོག་ཆགས་སྐྱེ་འཕེལ་བྱུང་ཐལ་དྲགས་པའི་དབང་གིས་རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་སྔོན་འགོག་ནུས་ལྡན་ཐུབ་སྟེ་རྩྭ་ཐང་གི་སྣོད་བཅུད་དོ་མཉམ་སྲུང་སྐྱོང་སྔར་བས་ལེགས་པོར་ཐུབ་ཡོད།

     སྐལ་བཟང་ལྷུན་འགྲུབ་ཀྱིས། “ང་ཚོས་ལོ་ལྟར་ས་ཆ་མི་འདྲ་བར་བྱ་ཚང་ཁ་ཤས་གསར་བཟོ་བྱས་ནས་བྱང་ཐང་དུ་གཏུམ་བྱའི་རིགས་དེ་བས་མང་པོ་འཕུར་དུ་འཇུག་རྒྱུ་དང་རྩྭ་ཐང་སྔར་བས་ལྗང་མདོག་དང་མཛེས་སྡུག་ལྡན་པར་བཟོ་རྩིས་ཡོད་”ཅེས་གསུངས།