གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་10ཉིན། 14:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་9ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པ་ཞིག་གིས། ལྗར་པན་སྲིད་གཞུང་གིས་ཀྲུང་གོའི་གནམ་གྲུ་གྲུ་གཟིངས་ལེའོ་ཉིང་གྲུ་གཟིངས་ཀྱིས་ལྗར་པན་ཉེ་འགྲམ་གྱི་མཚོ་ཁོངས་སུ་བྱེད་སྒོ་སྤེལ་བཞིན་པ་ར་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས། ཀྲུང་གོའི་དམག་གྲུའི་འབྲེལ་ཡོད་མཚོ་ཁོངས་ཀྱི་བྱེད་སྒོ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་གོམས་སྲོལ་དང་རྩ་བ་ནས་མཐུན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པས་ལྗར་པན་ཕྱོགས་ཀྱིས་དོན་དངོས་དང་ཚུལ་མཐུན་གྱི་སྒོ་ནས་ལྟ་ཚུལ་འཛིན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།