འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་10ཉིན།

༄༅།།མཐོ་འབྲིང་སློབ་དཀྱུས་སྤུས་ལེགས་1000གསར་སྐྲུན་དང་རྒྱས་སྐྲུན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་10ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་6ཚེས་9ཉིན་《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་》ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་བསྐྱེད་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

     དུས་ཡུན་ལོ་ལྔ་ཡས་མས་སྤྱད་དེ་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་ཏུ་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་རིམ་བཞིན་མངོན་འགྱུར་བྱ་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མ་སྤུས་ལེགས་1000གསར་སྐྲུན་བསྐྱར་སྐྲུན་དང་རྒྱ་བསྐྱེད་དེ་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་གཙོ་གནད་དུ་ལེགས་སུ་གཏོང་དགོས།

    མཐོ་རིམ་སློབ་འབྲིང་དཀྱུས་མ་སྤུས་ལེགས་སློབ་གྲྭར་བསྡུ་བའི་དམིགས་ཚད་ཀྱི་བསྡུར་ཚད་ཇེ་མཐོར་མགྱོགས་སུ་བཏང་སྟེ། གཙོ་བོ་སློབ་མའི་མང་ཉུང་ལ་གཞིགས་ནས་ས་ཁོངས་ནང་གི་དམའ་རིམ་སློབ་འབྲིང་སློབ་གྲྭར་བགོ་བཤའ་རྒྱག་དགོས་པ་མ་ཟད། གྲོང་གསེབ་ཀྱི་སློབ་གྲྭ་སོགས་ལ་ཁ་ཕྱོགས་དགོས།

     མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མཐོ་རིམ་སློབ་གསོའི་ཐོན་ཁུངས་འཕར་རིགས་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མི་འབོར་མང་བའི་ཞིང་ཆེན་ལ་འོས་འཚམ་གྱིས་ཕྱོགས་དགོས། སྤུས་ལེགས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཁྱོན་རིམ་བཞིན་ཆེ་རུ་གཏོང་དགོས།