གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་09ཉིན། 15:24】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཁྱིམ་ཚང་མང་པོའི་འཁྱགས་སྒམ་ནི་“སྒོ་རྩིས་ཚོང་ཁང་ཆུང་ཆུང་”ཞིག་དང་འདྲ་སྟེ། ཤ་དང་། སྔོ་ཚལ་ལྷག་མ། བཏུང་བྱ། འཐུང་ཚར་མེད་པའི་འོ་མ་སོགས་ཟ་རྒྱུ་ཞིག་ཡིན་ཚེ་ཚང་མ་འཁྱགས་སྒམ་ནང་དུ་འཇོག་པ་དང་། དུས་ཡུན་རིང་པོ་འགོར་རྗེས། འབུ་ཕྲ་འཁྱགས་སྒམ་ནང་གང་སར་ཁྱབ་ཡོད།
དེའི་ནང་དུ། འབུ་ཕྲ་རིགས་གཅིག་ནི-20℃འཁྱགས་པའི་ཆ་རྐྱེན་འོག་ཏུ་ཡང་གསོན་ཐུབ་པ་མ་ཟད། འགོས་ནད་བྱུང་རྗེས་ཚབས་ཆེ་ན་སྲོག་ཉེན་ཡོད་པ་ཞིག་ཡོད་དེ་དེ་ནི་ལི་སི་ཐེ་འབུ་ཕྲ་ཡིན།
འཁྱགས་སྒམ་ནི་ཉེན་འགོག་སྒམ་མིན། འཁྱག་བཟོ་བྱེད་པའང་ཉར་ཚགས་བྱེད་ཐབས་ཁོ་ན་དེ་མིན། ཤ་རིགས་མི་འདྲ་བའི་གསོག་ཉར་དུས་ཡུན་ལ་ཁྱད་པར་མངོན་གསལ་ཡོད།
☑ཉ་དང་ཤ་སྨི་རིགས་ནི་ཡག་ཤོས་བྱུང་ན་ཟླ་2ནས་3བར་དུ་ཟས་ཚར་དགོས།
☑ཕག་ཤ་དང་ནོར་ལུག་གི་ཤ་སོགས་ཤ་དམར་རིགས་འཁྱག་བཟོ་བྱེད་པའི་དུས་ཡུན་ནི་ཟླ་བ་6ནས་12བར་ཡིན།
☑བྱ་ཤའི་རིགས་དེ་ཟླ་བ་6གི་ནང་དུ་ཟས་ཚར་དགོས།
☑ལས་སྣོན་བྱས་པའི་ཤའི་ཐོན་རྫས་རིགས་ཟླ་བ་2ལས་བརྒལ་ན་མི་འཚམ།
☑གྲང་ཉར་བྱས་པའི་ཤ་གསར་པ་ཡིན་ནའང་ཉར་ཚགས་དུས་ཡུན་ཉིན་གཉིས་ལས་བརྒལ་མི་རུང་།
ཤ་རིགས་ཡང་དང་བསྐྱར་དུ་འཁྱགས་ཞུ་བྱེད་མི་རུང་། འཁྱག་བཟོ་མ་བྱས་པའི་སྔོན་ལ་ཁག་འགའ་ལ་གཏུབ་ནས་གཅིག་རེ་ལེན་དགོས། ཡང་དང་བསྐྱར་དུ་འཁྱགས་ཞུ་བྱས་ན་ཤའི་བྲོ་བ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཟས་རིགས་བདེ་འཇགས་ཐད་ཀྱི་ཉེན་ཁ་ཡང་ཆེ་རུ་འགྲོ་སྲིད།
འཁྱག་བཟོའི་ཟས་རིགས་འཁྱག་ཞུ་བྱས་རྗེས། དེའི་ནང་གི་འབུ་ཕྲ་འབོར་ཆེན་སྐྱེ་འཕེལ་བྱེད་སྲིད། སྐབས་དེར་ཡང་བསྐྱར་འཁྱག་བཟོ་བྱས་ཀྱང་སྔོན་གྱི་འབུ་ཕྲའི་ཆུ་ཚད་དུ་སླར་གསོ་བྱེད་མི་ཐུབ། ལྷག་པར་དུ་ཉ་དང་ཤ་སྨི་འཁྱག་ཞུ་བྱས་རྗེས། ལུས་པོའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་གྲུང་གཤིས་སླར་གསོ་བྱུང་སྟེ་མགྱོགས་མྱུར་ངང་སྐྱེ་འཕེལ་བྱེད། དེའི་རྗེས་སུ་འཁྱག་བཟོ་བྱས་ཀྱང་དེ་གསོད་མི་ཐུབ། ད་དུང་འཁྱག་ཞུའི་གོ་རིམ་ཁྲོད་ཉ་དང་ཤ་སྨི་ཡི་ཕུང་གྲུབ་གྲུབ་ཚུལ་ལ་གཏོར་བརླག་ཐེབས་པས་སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་བྱེད་སྲིད། འཁྱགས་ཞུ་ཐེངས་རེ་བྱས་ན། སྐྱེ་དངོས་ཕྲ་རབ་ཆེས་ཆེར་འཕར་ནས་ཟས་དུག་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།