གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་09ཉིན། 15:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ལས་དོན་པས་མགོ་ལོག་ཁུལ་རྨ་སྟོད་མཚོ་སྐྱ་རིང་བྱང་ངོགས་ནས་ཆིན་རྒྱལ་རབས་ཀྱི་བྲག་བརྐོས་ཡིག་འབྲི་37 རྙེད་པ་དང་། དེས་ཆིན་གོང་མས་མངགས་པའི་ཕོ་ཉས་“ཁུ་ནུ་རུ་སྨན་རྫས་འཐུ་བ་”ཐོ་འགོད་བྱས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྡོ་བརྐོས་འདི་ནི་ཆིན་གོང་མས་ཀྲུང་གོ་གཅིག་གྱུར་བྱས་རྗེས་བཞག་པའི་སྔར་སོར་དུ་གནས་པའི་རྡོ་བརྐོས་འབའ་ཞིག་དང་། ཉར་ཚགས་ཆ་ཚང་ཤོས་ཀྱི་ས་ཆ་ཞིག་ཀྱང་ཡིན། མཚོ་བོད་ས་མཐོའི་ཐོག་ནས་རྙེད་པའི་ལོ་རབས་སྔ་ཤོས་ཀྱི་རྡོ་བརྐོས་ཡིག་འབྲུ་ཞིག་ཀྱང་ཡིན་པས། དེ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན།