འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་9ཉིན།

༄༅།།ཞིང་ཆེན་འདི་4པོར་སྒོར་ཁྲི་4500སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་09ཉིན། 13:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ད་ལོ་ནས་བཟུང་། རང་རྒྱལ་ལ་ཐན་སྐྱོན་དང་ཆུ་ལོག་འབྱུང་རྒྱུ་རེད། ས་གནས་ཁ་ཤས་སུ་ཐན་སྐྱོན་དང་ཞོད་སྐྱོན་ཛ་དྲག་ཏུ་ཕྱིན་པ་དང་། ས་གནས་ཁ་ཤས་སུ་ས་གཤིས་ཀྱི་གནོད་འཚེ་མང་པོ་འབྱུང་བཞིན་ཡོད། ཟླ་6ཚེས་5ཉིན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་4500སྔོན་ལ་བཏང་ནས། ས་གནས་ཀྱིས་འཕྲལ་བསྟུན་རྒུད་སྐྱོབ་ལས་དོན་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་པ་རེད། དེའི་ནང་སྒོར་ཁྲི་1500ཡུན་ནན་གྱི་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་དང་། སྒོར་ཁྲི་1000བོད་ལྗོངས་སྟེང་ཆེན་རྫོང་གི་རི་ཉིལ་བའི་གུད་སྐྱོབ་རོགས་སྐྱོབ་ལེགས་པར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། སྒོར་ཁྲི་2000ཀན་སུའུ་དང་ཉིང་ཞའི་ཐན་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས་ཏེ། མི་ཤི་རྨས་ཉུང་དུ་གཏོང་བ་དང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱ་རྒྱུ་བཅས་རེད།