འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་9ཉིན།

༄༅།།བོད་ཀྱིས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་བྱ་སྤྱོད་ལག་བསྟར་ཇུས་གཞི་བཏོན་པ།

མིག་སྔའི་བར་ལྗོངས་ཡོངས་སུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་139ཡོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་09ཉིན། 09:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་10དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་བྱ་སྤྱོད་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཏོན་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། བཀོད་སྒྲིག་ལུགས་མཐུན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་དྲ་རྒྱ་ཧུར་ཐག་བསྐྲུན་ནས་རྒན་རྒོན་ཚོགས་སྤྱིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

     ངོ་སྤྲོད་བྱས་པར་གཞིཌ་ན། 《ཇུས་གཞིའི》ནང་སྡེ་ཚན་དབར་མཐུན་སྦྱོར་དང་། སྤྱི་ཚོགས་ཞུགས་པ། ཁྱིམ་ཚང་གིས་རང་འགན་གཙང་སྒྲུབ་བཅས་བྱེད་པའི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ལས་ཀའི་ལམ་སྲོལ་ཁ་གསལ་བཟོས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ཞིབ་ཕྲའི་བྱེད་ཐབས་བཟོ་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། བཟའ་བཏུང་ཞབས་ཞུ་དེ་དམངས་སྲིད་པུའི་གཅིག་གྱུར་བཀོད་སྒྲིག་ལྟར་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་པ་དང་། མིག་སྔའི་བར་ལྗོངས་ཡོངས་སུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་139བསྐྲུན་ཡོད་པ་དང་། བཟའ་བཏུང་ཞབས་ཞུའི་གསོལ་ལྕོག་5939མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ས་གནས་ཀྱི་དོན་དངོས་གཞིར་བཟུང་། “རྒན་གསོའི་ཞབས་ཞུའི་སྒྲིག་གཞི+བཟའ་བཏུང་ཞབས་ཞུ”དང“སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས+བཟའ་བཏུང་ཞབས་ཞུ”སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྒན་རྒོན་གྱི“ཆེད་གཏོགས་གསོལ་ལྕོག”བཀོད་སྒྲིག་བྱས་པ་བརྒྱུད། “རྒན་རྒོན་གྱི་བཟའ་བཅའ་སྤེལ་མ”སྣ་མང་མཁོ་འདོན་བྱས་པ་དང་། འགྲོ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་ལ་ཁྱིམ་དུ་ཟ་མ་སྐྱེལ་བ་དང་རྒན་རྒོན་གྱི་ཟ་མར་རིན་གོང་བཅག་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་139ཡིས་རིམ་རྩིས་བརྒྱབ་ན་རྒན་རྒོན་ཁྲི་7ལྷག་ཙམ་ལ་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱས་ཡོད།