འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་9ཉིན།

༄༅།།རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་16.2ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་09ཉིན། 09:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས《2024ལོའི་ལྕགས་ལམ་གྱི་བསྡོམས་རྩིས་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་མངོན་པར། 2024ལོར། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་དུང་ཕྱུར་43.12ཟིན་པ་དེ་ལོ་གོང་མ་ལས་11.9%འཕར་བ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་51.75ཟིན་པ་དེ་ལོ་གོང་མ་ལས་2.8%འཕར་ཡོད་པ་རེད།

2024ལོར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་8506བཏང་ནས་ལམ་ཐིག་གསར་པ་སྤྱི་ལེ་3113སྐྲུན་འགོ་ཚུགས་པ་དང་། དེའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་2457ཟིན་པ། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་16.2ཟིན་པ། དེའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་4.8ཟིན་གྱི་ཡོད་པ་རེད།

2024ལོར། རྒྱལ་ཁབ་ལྕགས་ལམ་གྱི་རྫས་འགྱུར་དབྱང་མཁོ་ཚད་དང་འབུད་ཚད་ཏུན་1337ཟིན་པ་དེ་ལོ་གོང་མ་ལས་ཏུན་130ཉུང་དུ་ཕྱིན་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་456ཟིན་པ་དེ་ལོ་གོང་མ་ལས་ཏུན་196ཉུང་དུ་ཕྱིན་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)