འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།དོན་རྐྱེན་འདིའི་ཁྲོད་མི་118ལ་རྨས་སྐྱོན་ཕོག་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 15:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨུ་རུ་སུའི་ཛ་དྲག་སྡེ་ཁག་གིས་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། པུའུ་ལེང་སི་ཁེ་མངའ་སྡེའི་ཟམ་པ་བརྡིབས་པའི་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་མི་གྲངས་118བར་མང་དུ་ཕྱིན་ཡོད་པ་རེད།

ཟླ་5ཚེས་31ཉིན་གྱི་ཆུ་ཚོད་22དང་སྐར་མ་50ཡི་ཐོག པུའུ་ལིའང་སི་ཁེ་མངའ་སྡེ་ཝེ་ཀེ་ཉི་ཆི་-ཕི་ལི་ཞི་ནུའོ་ལྕགས་ལམ་དུམ་བུར་འབར་གས་བྱུང་བའི་དབང་གིས་གཞུང་ལམ་གྱི་ཟམ་པའི་གྲུབ་ཆ་བརྡིབས་ནས་ཟམ་པ་ཆག་རོའི་འོག་ཏུ་བསྐྱོད་བཞིན་པའི་འགྲུལ་སྐྱེལ་མེ་འཁོར་ཐོག་ལྷུང་ནས་མི་ཤི་རྨས་བྱུང་བ་རེད།