གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་06ཉིན། 10:45】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་སོགས་སྡེ་ཚན་ལྔས《ལས་རིགས་སློབ་གསོའི་ཆེད་ལས་བཀོད་པ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀན་སུའུ་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི》མཉམ་དུ་བཀྲམ་ནས། ཆེད་ལས་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ་དང་། འཕྲལ་མཁོའི་ཆེད་ལས་མང་དུ་གཏོང་བ། མཁོ་མེད་ཆེད་ལས་ལེགས་སྒྲིག་ཕྱིར་འཐེན་སོགས་ཕྱོགས་དྲུག་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཏེ་ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་དང་། ཡིད་དབང་འགུག་ཤུགས། མགྱོགས་མྱུར་བརྡ་ལན་ཞུ་ནུས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། བཟོ་རྩལ་མཁས་པ། མཐོ་རིམ་ལག་རྩལ་རྩལ་ནུས་པ་བཅས་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་རེད།
ཇུས་གཞིའི་ནང་བསྟན་དོན། ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གིས“མཐོ་བ་གཉིས་ཀྱི་འཆར་གཞི”ལག་ལེན་བསྟར་ནས། དུས་ཐེངས་རེར་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་མཁན་གྱི་ཆེད་ལས་ཚོགས་པ་30ལྷག་ཙམ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། གྲངས་གཞི་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་གསར་གཏོད་གྲངས་འཛིན་ལག་རྩལ་གང་ལེགས་སྤྱད་ནས། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་གི་དམིགས་ཚད་མང་དུ་བཏང་སྟེ“གྲངས་འཛིན་ཅན་དང་ཆེད་ལས་ཟུང་དུ་འབྲེལ་བའི”འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(པད་ཆོས་ཀྱིས་བསྒྱུར། བསྟན་བློས་ཞུས)