འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།ས་ཡོམ་རིམ་པ་5.0བརྒྱབ་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 13:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་6ཚེས་5ཉིན་གྱི་ཆུ་ཚོད་4དང་སྐར་མ་31ཐོག ཡུན་ནན་ཏ་ལི་ཁུལ་ཨེར་ཡོན་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ། ས་ཡོམ་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་པ་དང་། ཨེར་ཡོན་རྫོང་དང་བར་ཐག་སྤྱི་ལེ་18ཙམ་ཡོད། ཡོམ་ལྟེའི་ཉེ་འགྲམ་གྱི་གྲོང་ཚོར་ས་ཡོམ་གྱི་ཚོར་བ་དྲག་པོ་ཡོད་པ་རེད།

ས་ཡོམ་བྱུང་རྗེས། ཨེར་ཡོན་རྫོང་མི་དམངས་སྲིད་གཞུང་གིས་ཡོམ་འགོག་རྒུད་སྐྱོབ་རིམ་པ་Ⅲཔའི་འཕྲལ་བསྟུན་དང་ལེན་བྱེད་འགོ་ཚུགས་ཤིང་། ཡུན་ནན་མེ་གསོད་ཏ་ལི་རུ་ཁག་དང་ཨེར་ཡོན་རུ་ཁག་ཆེན་པོ་ཡོམ་ལྟེ་ཁུལ་དུ་བསྐྱོད་པ་རེད། ད་ལྟ་མི་ཤི་རྨས་སྐོར་གྱི་སྙན་ཞུ་གནས་སྐབས་འབྱོར་མེད།