འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།བོད་ལྗོངས་ཀྱིས་ཆབ་མདོར་རྒུད་སྐྱོབ་རོགས་དངུལ་སྒོར་ཁྲི་500སྤྲད་པ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 13:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

2025ལོའི་ཟླ་6ཚེས་1ཉིན་ཆུ་ཚོད་21དང་སྐར་མ་30ཙམ་ལ། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམུ་ཐ་ཞང་གི་དབྱར་རྩྭ་དགུན་འབུ་འཐུ་སར་རི་ཉིལ་པའི་དོན་རྐྱེན་བྱུང་བ་རེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་དུས་ཐོག་ཏུ་དོ་ཁུར་བྱས་ནས། རྒུད་སྐྱོབ་མ་དངུལ་མགྱོགས་མྱུར་ཞིབ་དཔྱད་དང་གཏོང་སྤྲོད་བྱེད་པའི་ལམ་སྲོལ་མགྱོགས་མྱུར་སྤེལ་འགོ་ཚུགས་པ་དང་། ཟླ་6ཚེས་3ཉིན། ཆབ་མདོ་གྲོང་ཁྱེར་ལ་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་500སྤྲད་པ་རེད།

གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། གནོད་འཚེའི་གནས་ཚུལ་ལ་དོ་ཁུར་དམ་ཟབ་དང་། ནོར་སྲིད་ཀྱི་འགན་ནུས་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། མ་དངུལ་འགན་སྲུང་གི་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། གནོད་འཚེ་ཐེབས་པའི་ས་ཁུལ་གྱིས་རྒུད་སྐྱོབ་དང་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་རེད།