འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།ཀྲུང་གོ་དང་ལོ་སིའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 10:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་ཀྱི་འཐུས་མིས་མཉམ་དུ་དཔང་པོ་བྱས་པ་བརྒྱུད། ཀྲུང་གོ་ནས་ལོ་སི་བར་གྱི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་གྱི་རླངས་འཁོར་གཏོང་བའི་མཛད་སྒོ་ཡུན་ནན་ཁུན་མིང་དང་ཤིས་ཧྲོང་པན་ནར་དུས་གཅིག་ཏུ་འཚོགས་པ་དེ་ཐོག་ནས་ཀྲུང་གོ་དང་ལོ་སིའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་རྒྱུན་རྣམ་ཅན་དང་ཕན་ཆེ་ཅན་གྱི་སྒོ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་ཡོད།

    ཀྲུང་གོ་དང་ལོ་སིའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་དེས་རྒྱལ་ཁབ་གཉིས་པོའི་དབར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཕྱོད་ལ་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་དང་ཟོག་འགྲེམས་ཀྱི་མ་གནས་ཆག་སྟེ་ཕྱོགས་གཉིས་པོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད།