འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།མཐོ་རྒྱུགས་སྐོར་ཐེར་འདོན་བྱ་སའི་ཁ་པར་ཨང་གྲངས་བསྒྲགས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 14:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    2025ལོའི་མཐོ་རྒྱུགས་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ཟླ་6ཚེས་7ཉིན་འགོ་འཛུགས་རྒྱུ་རེད། ཉེ་ཆར་སློབ་གསོ་པུའུ་ཡིས་སློབ་གསོ་པུའུ་དང་དེ་བཞིན་ཞིང་ཆེན་ཁག་(རང་སྐྱོང་ཁུལ་དང་གྲོང་ཁྱེར)གི་2025ལོའི་མཐོ་རྒྱུགས་ཐེར་འདོན་ཁ་པར་གཅིག་གྱུར་གྱིས་ཁྱབ་བསྒྲགས་བྱས་པ་རེད།

    སློབ་གསོ་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་བསྟན་དོན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་2025ལོའི་མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་ཐེར་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། སློབ་གསོ་པུའུ་དང་ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐེར་འདོན་གྱི་ཁུངས་སྣེ་གཞིར་བཟུང་ནས། འཕྲལ་མར་ཞིབ་བཤེར་ཐག་གཅོད་བྱས་ནས། མཐོ་རྒྱུགས་འདྲ་མཉམ་དང་དྲང་གཞག་ཡིན་པ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།