འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།པེ་ཅིང་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ ཁྲི་821.1ལ་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 11:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གསར་འགོད་པར་པེ་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། པེ་ཅིང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་821.1ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་5.4%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་107.7ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ཡོད་པ་རེད།

འཁྲབ་སྟོན་ཁྲོམ་རའི་ཐད། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། པེ་ཅིང་དུ་སྤ་སེ་འཚོང་བའི་ཚོང་གཉེར་རང་བཞིན་གྱི་གར་སྟེགས་འཁྲབ་གཞུང་316དང་ཐེངས་1119འཁྲབ་ཅིང་། ལྟད་མོ་བ་མི་ཐེངས་ཁྲི་45.8དང་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་1.4ཟིན་ནས། འཁྲབ་སྟོན་བྱེད་ཐེངས་དང་། ལྟད་མོ་བའི་མི་གྲངས། སྤ་སེ་བཙོངས་པའི་ཡོང་འབབ་བཅས་དུས་མཚུངས་ལས་32%དང་། 75% 130%སོ་སོར་འཕར་ཡོད། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཆེ་གྲས་ཀྱི་འཛད་སྤྱོད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་ཅིང་། གུང་གསེང་རིང་། པེ་ཅིང་གིས་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ཐེངས་11སྤེལ་བར་ལྟད་མོ་བ་མི་ཐེངས་ཁྲི་25དང་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་1ཟིན་ནས། མཐའ་འཁོར་གྱི་ཞག་སྡོད་དང་། བཟའ་བཏུང་། འགྲིམ་འགྲུལ། ཉོ་སྒྲུབ་སོགས་ཀྱི་འཛད་སྤྱོད་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

རྒྱལ་མཚམས་བསྒྲལ་ནས་ཡུལ་སྐོར་དུ་ཡོང་མཁན་རྒྱུན་མཐུད་མང་དུ་ཕྱིན་ཞིང་། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། པེ་ཅིང་གིས་རྒྱལ་མཚམས་བསྒྲལ་ནས་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་6.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་35.8%འཕར་བ་དང་། རྒྱལ་མཚམས་བསྒྲལ་ནས་ཡོང་བའི་ཡུལ་སྐོར་བའི་འགྲོ་གྲོན་སྒོར་དུང་ཕྱུར་7.2ཟིན་པ་དེ་དུས་མཚུངས་ལས་41.1%འཕར་ཡོད། ཟླ་6ཚེས་1དང་2ཉིན། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་གྱི་ཡུལ་སྐོར་ཚོང་པ་270ལྷག་ཙམ་པེ་ཅིང་དུ་འཛོམས་ནས་ཆུ་ཚོད་48ཀྱི“པེ་ཅིང་ཤེས་རྟོགས་ཀྱི་ཡུལ་སྐོར”བྱེད་འགོ་ཚུགས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)