འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།ད་ལོ་ཚུན་འཛད་ཟོག་རྙིང་པ་གསར་པར་བརྗེས་པར་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 11:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་5ཚེས་31ཉིན་བར། 2025ལོའི་འཛད་རྫས་རྙིང་པ་རིགས་ཆེ་གྲས་5གསར་པར་བརྗེས་པ་དེས་རིམ་རྩིས་བརྒྱབ་ན་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.1སྐུལ་ཁྲིད་ཐུབ་པ་དང་འཛད་སྤྱོད་པར་ཐད་ཀར་ཁ་གསབ་སྒོར་དུང་ཕྱུར་1.75ཙམ་སྤྲད་པ་རེད།

དེའི་ནང་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་412ཟིན་པ་དང་འཛད་སྤྱོད་པ་ཁྲི་4986.3གྱིས་རིགས་ཆེ་གྲས་12ཀྱི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཁྲི་7761.8ཉོས་པ་དང་། འཛད་སྤྱོད་པ་ཁྲི་5352.9ཡིས་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་5662.9ཉོས་པ། གློག་སྒུལ་སྦག་སྦག་རྙིང་པ་ཁྲི་650གསར་པར་བརྗེས་པ། ཁྱིམ་སྤྱོད་ཐབ་ཆས་ཁྲི་5762.6གསར་པར་བརྗེས་པ་བཅས་རེད།