ཨེན་ལི་ཁེ·ནུའོ་པུའུ་ལེ་ཅ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 09:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉིན་རེ་བཞིན་འབྲེལ་གཏུག་ཟབ་ཏུ་འགྲོ་བའི་འཛམ་གླིང་འདིར་རིག་གནས་ནི་མི་རིགས་གཅིག་གི་བླ་སྲོག་ཡིན་པ་མ་ཟད། ཤེས་དཔལ་མི་འདྲ་བའི་དབར་གླེང་མོལ་དང་ཤེས་རྟོགས་བྱེད་པའི་འབྲེལ་ཟམ་ཞིག་དེ་བས་ཀྱང་རེད་དེ། དབྱི་ཙུའོ་ལཱའི་གཏམ་རྒྱུད་བྱུང་ནས་ལོ་40སོང་ཡང་སྔར་བཞིན་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཐུབ་པ་དང་མཚུངས། པར་ཙིར་དང་ཀྲུང་གོའི་མཛའ་མཐུན་བྱ་གཞག་སྐུལ་འདེད་ལ་ཡུན་རིང་གཞོལ་བའི་ལས་དོན་པ་ཞིག་གི་ངོས་ནས། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་རིག་གནས་སྤེལ་རེས་ནི་སྒྱུ་རྩལ་དང་སྐད་བརྡའི་སྦྲེལ་མཐུད་ཅིག་ཡིན་ལ། དེ་བས་སེམས་ཁམས་དང་རིན་ཐང་ལྟ་བའི་ངོས་འཛིན་གཅིག་མཐུན་ཞིག་ཡིན་པ་ངས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ང་ཚོས་ལ་ཏིང་མེ་གླིང་གི་གཞོན་ནུ་དེ་བས་མང་པོས་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོའི་ལོ་རྒྱུས་ཞིབ་ཀློག་བྱེད་པ་མཐོང་བྱུང་ལ། ཀྲུང་གོའི་སྒྱུ་རྩལ་པས་ལ་ཏིང་མེ་གླིང་གི་གར་སྟེགས་གང་སར་ཤར་ཕྱོགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ངོམ་བཞིན་པ་མཐོང་བྱུང་། རྩོམ་རིག་ནས་གློག་བརྙན་དང་། ཐའེ་ཅི་དྲག་རྩལ་ནས་སང་པ་ཞབས་བྲོ། དར་གོས་ནས་ཇ་མཱ་ཏའེ་བཅས་ཀྱི་བར། ཕན་ཚུན་དགའ་པོ་བྱེད་པ་དང་དཔྱད་གཞིར་འཛིན་པའི་བརྒྱུད་རིམ་དེ་དག་གིས་ལ་ཏིང་མེ་གླིང་གི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་གྱི་མཛའ་གྲོགས་དང་ཕན་ཚུན་བརྩི་འཇོག་ལ་སྐུལ་འདེད་ཐེབས་ཡོད།
ཀྲུང་གོའི་རིག་གནས་ཀྱིས“ཞི་མཐུན་ཁྲོད་རང་གཤིས་མི་དོར་བ”དང“མཛེས་པ་མཉམ་རོལ”ལ་བརྩི་མཐོང་བྱེད་ཅིང་། ངས་འདི་ནི་ལ་ཏིང་མེ་གླིང་དང་ཀྲུང་གོའི་རིག་གནས་སྤེལ་རེས་ཀྱི་ཡིད་དབང་འཕྲོག་ཤུགས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་གཅིག་མཚུངས་སུ་འགྱུར་མི་དགོས་པར། ཧེ་བག་ཁྲོད་ནས་ཕན་ཚུན་གྱི་ལེགས་ཆ་རྟོགས་པ་དང་སྣ་མང་ཁྲོད་ནས་ཞི་མཐུན་དོན་གཉེར་བྱེད་དགོས། སྤེལ་རེས་འདི་དག་ལས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་འགྲོ་བ་མ་ཟད། འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་གསོན་ཤུགས་གསར་པ་ཡང་སྣོན་ཐུབ།
ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ནི་ཚོང་ཟོག་དང་ཚོང་དོན་གྱི་སྤེལ་རེས་ཤིག་ཡིན་ལ། དེ་བས་ཤེས་དཔལ་དང་ཕུགས་འདུན་གྱི་མཉམ་འཛོམས་ཤིག་ཀྱང་རེད། ང་ཚོས་རིག་གནས་འབྲེལ་ཐག་ཏུ་བྱས་ནས་དུས་རབས་21པའི་ལྷོ་ལྷོ་མཉམ་ལས་ལ་དེ་བས་ཕུན་སུམ་ཚོགས་པའི་ནང་དོན་སྣོན་ཐུབ་པའི་རེ་བ་ཡོད།
(རྩོམ་པ་པོ་ནི་པར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན། འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་བཅར་འདྲི་དང་ལེགས་སྒྲིག་བྱས)