འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།མཚོ་སྔོན་གུང་གཞོན་སྡེ་ཚོགས་ཀྱི“12355འབྲིང་རྒྱུགས་དང་མཐོ་རྒྱུགས། སེམས་ཁམས་ཀྱི་གནོན་ཤུགས་ཆུང་གཏོང་གི་ཆེད་སྤྱོད་ཁ་པར”ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 09:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2025ལོའི་འབྲིང་རྒྱུགས་དང་མཐོ་རྒྱུགས་འཆར་ལ་ཉེ་བ་དང་། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་སེམས་ཁམས་ཀྱི་གནོན་ཤུགས་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། གཞོན་ནུ་ལོ་ཆུང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུགས་སྤྲོད་གོང་གི་སེམས་ཁྲལ་སེལ་རོགས་བྱ་ཆེད། མཚོ་སྔོན་གུང་གཞོན་སྡེ་ཚོགས་ཀྱི་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱིས་ཟླ་5ཚེས་31ཉིན་ནས་བཟུང་འབྲིང་རྒྱུགས་དང་མཐོ་རྒྱུགས་མཇུག་འགྲིལ་བའི་བར“འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་གཏོང”གི་ཆེད་སྤྱོད་ཁ་པར་དངོས་སུ་ཤར་གཏོང་བྱས་ཏེ་ཆེད་ལས་ཀྱི་སེམས་ཁམས་རྒྱབ་སྐྱོར་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་སེམས་ཁམས་བག་ཕེབས་ཡོང་བའི“ཐོགས་མེད་བགྲོད་ལམ”བཏོད་ཡོད།