གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 14:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་29ཉིན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་2025ལོའི་གཡག་རྒྱུག་འགྲན་བསྡུར་སྐབས་དང་པོ་གཉེར་བ་དང་། སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་འགྲུབ་གླིང་གྲོང་ཚོའི་གྲོག་རོང་དུ་གཡག་ཆེན་132ཙམ་གཡག་རྒྱུག་འགྲན་བསྡུར་བྱས་པས་ཞིང་འབྲོག་ལྟད་མོ་བ་མང་པོ་ཞིག་ལྟ་རུ་ཡོང་བ་རེད།
གཡག་ལ་“ས་མཐོའི་གྲུ་གཟིངས་”ཞེས་པའི་མཚན་སྙན་བཟང་པོ་ཡོད་པ་དང་། གཡག་རྒྱུག་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་རེད།