གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 10:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་ལས་དོན་ཨུ་ལྷན་གྱི་བསྡོམས་རྩིས་ལྟར་ན། 2024ལོའི་ཟླ་12ཚེས་31ཉིན་བར། རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྱོན་དུང་ཕྱུར་1.13ཟིན་ཞིང་། སློབ་གྲྭ་ཆུང་འབྲིང་དུ་ལོ་ཆུང་གདོང་ལེན་རུ་ཆེན་དང་རུ་འབྲིང་གི་ཟུར་ཁྲིད་པ་ཁྲི་305.4ཡོད། སློབ་གྲྭ་ཆུང་འབྲིང་དུ་ལོ་ཆུང་གདོང་ལེན་རུ་མིའི་ལས་དོན་ཨུ་ལྷན་ཁྲི་17.6དང་། ལོ་ཆུང་གདོང་ལེན་རུ་ཆེན་ཁྲི་17.9 རུ་འབྲིང་ཁྲི་287.4བཅས་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)