གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 15:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཀྲང་ཞའོ་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
གསར་འགོད་པས། ཉེ་ཆར་ལའེ་ཆིང་ཏེས་གཏམ་བཤད་སྤེལ་ནས་ཐའེ་ཝན་གྱིས་འགོག་སྲུང་སྟོབས་ཤུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་དམག་སྦྱོང་ལ་བརྟེན་ནས་དམག་འཁྲུག་ལས་གཡོལ་རྒྱུ་ཡིན་ཞེས་བཤད། བཅིངས་འགྲོལ་དམག་གིས་སྔོན་ཆད་ལྟར་ངོ་རྒོལ་རང་བཞིན་གྱི་དམག་དོན་དངོས་སྦྱོང་བྱེད་སྲིད་དམ་ཞེས་དྲིས།
ཀྲང་ཞའོ་ཀང་གིས། ལའེ་ཆིང་ཏེས་“རང་བཙན་”འཚོལ་ཞིབ་བྱེད་པའི་འཁྲུག་སློང་བྱེད་སྤྱོད་ཉིན་གཅིག་རིང་མཚམས་འཇོག་མ་བྱས་ཚེ། ཐའེ་ཝན་མཚོ་འགག་ཉིན་གཅིག་ཀྱང་ལྷིང་འཇགས་ཡོང་མི་ཐུབ་པ་དང་། ཐའེ་ཝན་སྤུན་ཟླ་ཉིན་གཅིག་རིང་ལྷིང་འཇགས་ངང་འཚོ་གནས་ཡོང་མི་ཐུབ། དམངས་གཙོ་གོང་སྤེལ་ཏང་གི་དབང་འཛིན་ལས་ཁུངས་ལ་ནན་བཤད་བྱ་རྒྱུ་ནི། “ཐའེ་ཝན་རང་བཙན་”སྤེལ་བར་མཇུག་འབྲས་བཟང་པོ་མེད། བཅིངས་འགྲོལ་དམག་གིས་“དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་པའི་”དམག་འཐབ་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད།