འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 15:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་སྤེལ་ནས་ཨ་རིར་བཅའ་སྡོད་ཀྲུང་གོའི་ཕྱི་འགྲིམ་སློབ་མའི་འབྲེལ་ཡོད་ཐོངས་མཆན་འགོད་པའི་ལག་ཁྱེར་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། ཚེས་29ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་ཆབ་སྲིད་རང་བཞིན་དང་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་དེར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ཅེས་བཤད།

མགྲིན་ཚབ་པས་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་སྐབས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེས་ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་མི་སྣའི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་ལ། ཨ་རི་རང་ཉིད་ཀྱི་རྒྱལ་སྤྱིའི་སྣང་བརྙན་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་ཡང་གནོད་འཚེ་ཇེ་ཆེར་ཐེབས་རྒྱུ་རེད་ཅེས་བཤད།

མགྲིན་ཚབ་པས་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ནས་ཨ་རི་ཕྱོགས་ལ་འཕྲལ་མར་ནན་ཏན་གྱི་འབྲེལ་གཏུག་བྱས་ནས། ཨ་རིའི་སྲིད་གཞུང་གིས་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་མི་སྣའི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད་ཅེས་བཤད།