འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།སློབ་གཙོ་འདིས་དཔྱད་རྩོམ་བཤུ་འབྲི་བྱས་པས་ལས་གནས་ནས་ཕྱིར་འཐེན་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 15:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་29ཉིན། ཡན་ཐའེ་ཚན་རྩལ་སློབ་གླིང་གིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད། གསལ་བསྒྲགས་ནང་། ཉེ་ཆར། དྲ་དམངས་ཤིག་གིས་སྨྱན་སྦྱོར་ལ“ཡན་ཐའེ་ཚན་རྩལ་སློབ་གླིང་གི་སློབ་གཙོའི་རབ་འབྱམས་པའི་དཔྱད་རྩོམ་ལ་བཤུ་འབྲི་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པའི”དོན་དག་སྙན་སེང་ཞུས་བར་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱས་ཡོད། ད་ལྟ་འབྲེལ་ཡོད་གནས་ཚུལ་སྐོར་གསལ་བསྒྲགས་བྱས་པ་གཤམ་གསལ་ལྟར།

ཞིབ་བཤེར་བྱས་པ་ལྟར་ན། གནས་ཚུལ་ངོ་མ་རེད། སློབ་གྲྭའི་ལས་འཛིན་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིག་གཞུང་སྒྲིག་ཁྲིམས་ནན་མོ་དང་མཐོ་སློབ་ཀྱི་མཚན་སྙན་དང་སློབ་གསོར་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་སྲུང་སྐྱོང་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། བློ་མཐུན་མཱ་ཧུང་ཁུན་གྱི་ཡན་ཐའེ་ཚན་རྩལ་སློབ་གླིང་གི་སློབ་གཙོའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།