འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།ཀྲུང་གོས་ཐའེ་ཝན་བསྡུ་ཆེད་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 14:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་5ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་དམག་དཔོན་ཏ་ཞོ་ཀྲང་ཞའོ་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ།

    གསར་འགོད་པ་ཞིག་གིས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་ཞི་བདེ་རྒྱ་མཚོ་ཆེན་པོའི་སྐམ་དམག་སི་ལིང་གིས་ཀྲུང་གོས་ཧིན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་རྫིག་ཉམས་ཆེན་པོ་སྟོན་བཞིན་པ་དང་། ཉེན་ཁའི་གནས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད། ལོ་ལྔའི་གོང་། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་ལ་བཀག་སྡོམ་ནང་སྦྱོང་བྱ་རྒྱུ་སུས་ཀྱང་བསམ་མེད། ད་ཆ་དེ་ནི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད། ཨ་རི་ཕྱོགས་ཀྱི་ཧུན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་སྤྱི་ཁྱབ་པུའུ་ཡི་སི་ལིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་བསྡུ་ཆེད་ཕྱོགས་ཡོངས་ཀྱི་ནང་སྦྱོང་བྱེད་བཞིན་ཡོད་པ་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གཞན་དག་དུའང་གནས་བབ་ཉིན་བཞིན་འཁྲུག་པོར་འགྱུར་བཞིན་ཡོད་ཅེས་བཤད་པ་རེད། འདིར་དཔྱད་གཏམ་ཅི་ཞིག་ཡོད་དམ།

     ཀྲང་ཞའོ་ཀང་གིས་བསྟན་དོན། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཐའེ་ཝན་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས་ཕྱི་ནས་ཐེ་གཏོགས་གང་རུང་བྱེད་མི་ཆོག མིག་སྔར། ཐའེ་ཝན་མཚོ་འགག་གི་དུས་བབ་ཀྱི་འགྲན་སློང་ཆེ་ཤོས་ནི་“ཐའེ་ཝན་རང་བཙན་པ”ཡི་ཁ་བྲལ་འཁྲུག་སློང་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འགལ་རྐྱེན་བཟོ་བ་གཏོར་བཤིག་བྱས་པ་ལས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ནི་རྦད་དེ་ལུགས་མཐུན་དང་དགོས་ངེས་དང་། ལུགས་མཐུན་དང་ཁྲིམས་མཐུན་ཡིན། ང་ཚོས་ཨ་རི་ཕྱོགས་ལ་ཐའེ་ཝན་གྱི་གནད་དོན་ཐད་རྙོག་དྲ་བཟོ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། དེ་ལྟར་མ་བྱས་ན་རང་སྡུག་རང་གིས་ཉོ་ཡོང་།