འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།2025ལོའི་མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 14:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “མཚོ་སྔོན་ཞིང་ཆེན་ལྟ་བས་ཆོག་མི་ཤེས། མཚོ་སྔོན་པོར་འདབ་ཆགས་ལ་ལྟ་དཔྱད་བྱེད”ཅེས་པའི་2025ལོའི་མཚོ་སྔོན་པོའི་འདབ་ཆགས་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དུ་སྤེལ་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་འདབ་ཆགས་རིགས་ལ་ལྟ་དཔྱད་བྱས་པའི་གྲུབ་འབྲས་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ཁྱབ་སྤེལ་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་ལ་ལྟ་དཔྱད་བྱེད་པའི་སྤུས་རྟགས་གཏོད་རྒྱུར་རྣམ་པ་ཟབ་མོ་བསྐྲུན་རྒྱུ་དེ་ཡིན་པ་རེད།

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེ་ཤོས་དང་། ས་མཐོའི་མཚོ་མཚེའུ་དང་འདམ་རའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་འཐུས་ཚབ། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇཌ་སྲུང་བཅད་ཆུ་གཟུགས་གལ་ཆེན་བཅས་རེད། འདབ་ཆགས་རིགས་ཀྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། བྱེད་སྒོ་གཞི་རྟེན་དུ་བྱས་ནས་མི་དེ་བས་མང་པོར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་འཛུགས་པའི་ཐད་ཀྱི་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ཤེས་སུ་འཇུག་ཆེད་ཀྱང་རེད། རྐང་ཚ་རྫོང་ནི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་དཀོན་རིགས་འཚོ་སྡོད་དང་སྐྱེ་འཕེལ་བྱ་ཡུལ་གལ་ཆེན་དང་འདབ་ཆགས་རིགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་བའི་རང་བྱུང་སློབ་ཚན་ཡང་རེད། ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་སྤྱི་ཚོགས་ཀྱི་སྤྱི་དམངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་དམངས་ཡོངས་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་རྣམ་པ་བཏོད་ཡོད་པ་རེད།

ཐེངས་འདིའི་འདབ་ཆགས་ལ་ལྟ་དཔྱད་བྱེད་པའི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ནི་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་ཀྲུང་གོ་འདབ་ཆགས་ལྟ་དཔྱད་རྩ་འཛུགས་མཉམ་འབྲེལ་བྱ་སྤྱོད་ལས་སྟེགས་ཀྱིས་གཉེར་འགན་ཁུར་བ། རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལྟ་དཔྱད་མཐུན་ཚོགས་བཅས་ཀྱིས་གཉེར་རོགས་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)