གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 14:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་། འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། ཟླ་5ཚེས་12ནས་19ཉིན་བར་འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་ཟུར་གསུམ་གླིང་གི་ས་ཁུལ་དུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་མ་འཇོག་འདོད་མཐུན་ཁག་24ལ་མིང་རྟགས་བཀོད་པ་དང་དམངས་གཉེར་ཁེ་ལས་དང་ཚོང་དོན་མཐུན་ཚོགས་ཀྱི་འཐུས་མི་335ལ་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་གི་གཟིགས་སྐྱོང་སྲིད་ཇུས་དང་། ཐུན་མོང་མ་ཡིན་པའི་ལེགས་ཆ། མ་འཇོག་ལས་དར་བཅས་ཀྱི་གནས་ཚུལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།
ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གཙོ་གནད་ཁེ་ལས་འགན་གཙང་ལེན་པ་དང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས“འཁོར་འབྲེལ་ཧྲིལ་པོའི”ཞབས་ཞུ་གཉེར་བ། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན“འབྱོར་མ་ཐག་འཕྲལ་དུ་གཉེར་བ” ས་སྤྱོད་ཞིབ་མཆན་ཐད“གཅིག་གཏད་གཅིག”གིས་མཛུབ་ཁྲིད་བཅས་བྱས་ཏེ་ཁེ་ལས་ཀྱིས་བྱ་བ་སྒྲུབ་ཐུབ་པ་དེ་ཡག་པོ་སྒྲུབ་ཐུབ་པ་དང་མགྱོགས་པོ་སྒྲུབ་ཐུབ་པ་བྱས་ཡོད། གཉེར་སྐྱོང་བྱེད་པོའི་གནད་དོན་རེ་ཞུའི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་ཚོང་གཉེར་ཁོར་ཡུག་གི་ཞུ་གཏུག་ཐེར་འདོན་ཐད“ཞུ་གཏུག་འབྱོར་མ་ཐག་འཕྲལ་མར་སྒྲུབ་ཐུབ་པར”སྐུལ་འདེད་གཏོང་བ་དང་། “སྟབས་བསྟུན་ཁྲིམས་སྒྱུར”དང“བརྒྱུད་རིམ་ཧྲིལ་པོའི་གནས་ལུགས་རྣམ་པའི་ཁྲིམས་སྒྱུར”ཁྱབ་གདལ་བཏང་བར་བརྟེན། ཚོང་གཉེར་གྱི་རྣམ་པ་འཁྲུག་ཏུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི“དཔྱིད་རླུང་བྱ་སྤྱོད”ལག་ལེན་བསྟར་ཏེ་རྒྱུན་རྣམ་ཅན་གྱི་སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་གཏུག་ལས་སྟེཌ་འཛུགས་པ་དང“ཏང་ཨུད་དང་སྲིད་གཞུང་གིས་གཙོ་ཁྲིད་དང་། ལས་རིགས་ལ་སྐུལ་འདེད་གཏོང་བ། ལས་དོན་ཚོགས་ཆུང་། འབྲེལ་གཏུག་པ”བཅས་ཀྱི“རིམ་བཞིའི་མཉམ་ལས”མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
དཔྱ་ཁྲལ་གྱི་གཟིགས་སྐྱོང་ཐད་རེ་ཞུ་དང་དཔྱད་ཡིག་འབུལ་མི་དགོས་པར་ཁེ་ལས་ཀྱིས་སྒྲིག་ཆས་བཟོ་སྐྲུན་དང་། སྐྱེ་ཁམས་ཐོན་ལས། བསྐྱར་སྐྱེས་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་ལ་མ་འཇོག་བྱས་ན། ཆ་རྐྱེན་དང་མཐུན་པའི་རྣམ་གྲངས་ལ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད། ལྗང་མདོག་ནུས་རྒྱུའི་འབོར་ཚད་འདང་ངེས་སྤྱད་དེ་ནུས་རྒྱུ་གཙང་མའི་རྟེན་གཞིར་བརྟེན་ནས། ཡུན་རིང་བལྟོས་བཅས་ཀྱི་རིན་གོང་དམའ་བའི་ལྗང་མདོག་གློག་མཁོ་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མ་དངུལ་གྱི་དགོས་མཁོར་དམིགས་ནས་མ་དངུལ་བསྡུ་སྒྲིལ་བྱས་པ་དང་། “མཚོ་སྔོན་ཞིང་ཆེན་གྱི་མ་དངུལ་བསྡུ་སྒྲིལ་ཡིད་རྟོན”ཞབས་ཞུའི་ལས་སྟེགས་ཀྱི་དངུལ་རྩའི་ཐོན་རྫས་ཁག་617ཁྱབ་བསྒྲགས་བྱས་པ། བསྡུ་དགོས་པའི་དངུལ་གྱི་འགྱུར་ལྡན་རྒྱུ་ནོར་གྱི་མ་དངུལ་བསྡུ་སྒྲིལ་དུས་མཚུངས་ལས་7.25%འཕར་བ། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང“ཞིང་གསུམ་འབྲོག་གསུམ”གྱི་གཉེར་སྐྱོང་བྱེད་པོའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་བྱེད་ཚད་1.5%ནང་ཚུན་དུ་དམའ་རུ་བཏང་བ། “ཐཱན་eདངུལ་བུན”སོགས་ལྗང་མདོག་དངུལ་རྩའི་ཐོན་རྫས་བཏོན་པ་བཅས་བྱས་ཡོད། རྣམ་གྲངས་ལ་སྤྱོད་པའི་ས་ཆ་འགན་སྲུང་དང་། ས་སྤྱོད་ལམ་སྲོལ་ཁྱབ་གདལ་གཏོང་བ། ཡུན་རིང་བོགས་གཏོང་དང་། སྔོན་ལ་བོགས་མར་བཏང་ནས་རྗེས་སུ་ནང་བཤུག་གཏོང་བ། སྟབས་བསྟུན་ངང་ལོ་ཚད་གཏན་འཁེལ། གོང་བཅད་དེ་མ་དངུལ་ལ་གཏོང་བའམ་ཡང་ན་མ་རྐང་ལ་འཇོག་པ་སོགས་བཟོ་ལས་ལ་སྤྱོད་པའི་ས་ཆ་ཁྲོམ་རའི་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད།
“ས་གནས་བཞིའི”འཛུགས་སྐྲུན་གྱི་འཐབ་ས་གཙོ་བོ་དང་ལྗང་མདོག་རྩིས་རྒྱག་གི་འགྲན་ལམ་གསར་པར་དམིགས་ནས། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གྲབས་གསོག་མཛོད》འཆར་འགོད་བྱས་ནས་བཙུགས་པ་དང“སྲོལ་རྒྱུན་ཐོན་ལས་རིམ་འཇུག་རིམ་སྤོར་དང་། གསར་དར་ཐོན་ལས་གཅིག་སྡུད། མ་འོངས་ཐོན་ལས་སྔོན་ལ་བཀོད་སྒྲིག”བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་ཚོང་འགུགས་བཀོད་པ་བསྐྲུན་ནས་ཚོང་འགུགས་མ་འདྲེན་འགན་ལེན་གྱི་རྨང་གཞི་བཏིང་ཡོད། རྣམ་གྲངས་སྦྲེལ་མཐུད་ཞབས་ཞུ་དང་། ཞིབ་མཆན་ཞབས་ཞུ། རྒྱུ་རྐྱེན་གཙོ་བོ་འགན་སྲུང་། བཀོད་གཏོང་སྐུལ་འདེད། རྗེས་སྙེག་ཞབས་ཞུ། ཁ་དན་ཚིག་གནས་ངང་གན་རྒྱ་ལག་བསྟར། ཞུ་གཏུག་འབྱོར་མ་ཐག་སྒྲུབ་པ་བཅས་ཀྱི“ལས་ཀའི་ལམ་སྲོལ་ཁག་བདུན”བཙུགས་ནས་གན་འཇོག་རྣམ་གྲངས་ཀྱི་མ་འཇོག་མཁན་ལ་འཕྲད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཧྲིལ་པོར་འགན་སྲུང་དང་། བརྒྱུད་རིམ་ཡོངས་ལ་རྗེས་སྙེག དུས་འཁོར་ཧྲིལ་པོར་ཞབས་ཞུ་བཅས་ཁྱབ་གདལ་བཏང་ཡོད།