འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།སྡེ་ཚན་དགུ་ཡིས་ཚན་རྩལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 10:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་དགུ་ཡིས《ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》མཉམ་དུ་བཀྲམ་ནས། གསར་གཏོད་སྐུལ་སྤེལ་དང་། ཁྲོམ་རའི་སྟོན་ཕྱོགས། མཉམ་འདྲེས་འཕེལ་རྒྱས། བརྒྱུད་རིམ་ལྡན་པའི་སྐུལ་འདེད། སྤུས་ཚད་སྔོན་འགྲོ་བཅས་རྩ་དོན་དུ་བཟུང་ནས། ཞབས་ཞུའི་བྱེད་པོ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་འཕེལ་རྒྱས་ལེགས་སུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཞི་ཁྱོན་ཆེར་གཏོང་དང་སྤུས་ཚད་དང་ནུས་ཕྱོད་ཆེར་གཏོང་མངོན་འགྱུར་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་འགྱུར་དང་ཐོན་ལས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱེད་རྒྱུ་རེད།

    བསམ་འཆར་ནང་བཏོན་དོན། ཚན་རྩལ་ཞབས་ཞུའི་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཞིབ་འཇུག་གསར་སྤེལ་དང་། ལག་རྩལ་གཞན་འགྱུར། ཁེ་ལས་སྐྱོང་གསོ། ལག་རྩལ་ཁྱབ་གདལ། ཞིབ་བཤེར་ཞིབ་དཔྱད་ཀྱི་ཁས་ལེན་དཔང་འདོན། ཆ་འཕྲིན་ལག་རྩལ། ལས་གྲྭའི་ལག་རྩལ། ཚན་རྩལ་དངུལ་རྩ། ཤེས་བྱའི་བདག་དབང་། ཚན་རྩལ་བློ་འདྲི། ཚན་རྩལ་ཞབས་ཞུ་གཞན་དག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་ཀྱི་ལས་འགན་གཏན་འཁེལ་གསལ་པོ་བྱས་ཡོད།