འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།རྨང་གཞིའི་སློབ་གསོར་དོ་དམ་ཚད་ལྡན་བྱེད་པའི་ལོའི་བྱ་སྤྱོད་སྤེལ་ནས་སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་
གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས་རྨང་གཞིའི་སློབ་གསོར་དོ་དམ་ཚད་ལྡན་བྱེད་པའི་ལོའི་བྱ་སྤྱོད་སྤེལ་ཏེ། སློབ་གསོའི་ཆོས་ཉིད་དང་འགལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སློབ་གསོ་གཉེར་སྐྱོང་དང་སློབ་གྲྭ་བཅོས་སྐྱོང་གི་བྱ་སྤྱོད་ལ་སྔར་བས་གཙང་བཤེར་དང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་བ་རེད།

    བརྡ་ཐོའི་ནང་ལྡོག་ཕྱོགས་ཀྱི་གསལ་ཐོ་དོན་ཚན་ཁག་16བཏོན་པ་དང་། ནང་དོན་གཙོ་བོའི་གྲས་སུ་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ། ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ། བཙན་འཛུལ་བྱས་ཚུལ་མཛེས་བཟོ་བྱེད་པ་སོགས་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་བའམ་ཡང་ན་དྲ་རྒྱའི་སྨྱན་སྦྱོར་དང་རྒྱུགས་ཤོག་དང་རྒྱུགས་གཞི་སོགས་བརྒྱུད་ནས་ནོར་འཁྲུལ་གྱི་ལྟ་བ་ཁྱབ་སྤེལ་གཏོང་རིགས་གཏན་འགོག་བྱ་རྒྱུ་དང་། གཏན་འབེབས་དང་འགལ་ནས་རྒྱུགས་ཡང་ཡང་བླངས་ཏེ་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་རུ་གཏོང་རིགས་གཏན་འགོག་བྱ་རྒྱུ། གཏན་འབེབས་དང་འགལ་ནས་སློབ་མའི་ངལ་གསོའི་དུས་ཚོད་བཀོད་སྒྲིག་དང་སློབ་མའི་སློབ་གསེང་ངལ་གསོའི་དུས་ཚོད་བཙན་བཟུང་བྱེད་རིགས་གཏན་འགོག་བྱ་རྒྱུ། སློབ་གྲྭ་སྔ་སྣུར་དུ་ཚུགས་པ་དང་གུང་གསེང་ཕྱིར་འགྱངས་བྱེད་པའམ་ཡང་ན་གུང་གསེང་གི་དུས་ཚོད་སྤྱད་དེ་སློབ་ཚན་གསབ་ཁྲིད་བྱེད་རིགས་གཏན་འགོག་བྱ་རྒྱུ། སློབ་གྲྭས་གནས་ལུགས་དང་ངེས་ཤེས་དང་འགལ་བ་དང་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་དང་འགལ་བའི་སློབ་གྲྭའི་སྒྲིག་སྲོལ་དང་སྒྲིག་ལམ་གྱི་དོན་ཚན་གཏན་འབེབས་བྱེད་རིགས་གཏན་འགོག་བྱ་རྒྱུ་བཅས་ཚུད་ཡོད། དེ་དང་ཆབས་ཅིག་གསལ་ཐོའི་ནང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་གྱི་འགན་འཁྲི་ལག་ལེན་མི་བསྟར་བ་སོགས་ལ་བཀག་འགོག་རང་བཞིན་གྱི་བླང་བྱ་བཏོན་ཡོད།

     བརྡ་ཐོའི་ནང་། ཐག་གཅོད་གཙང་མ་ཐུབ་མེད་པའི་རྨང་གཞིའི་སློབ་གསོ་དོ་དམ་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ལས་ཀ་བྱེད་སྟངས་སྔར་བས་གསར་གཏོད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད་པ་སྟེ། སློབ་གྲྭ་འབྲིང་ཆུང་གི“སློབ་གྲྭའི་ཟ་མ”དང་། སློབ་ཁྲིད་རམ་འདེགས་ཡོ་བྱད་མངགས་ཉོ་དང་སློབ་ཆས་ཉོ་བའི་སྐབས་དང་བསྟུན་ནས་ཁེ་ཕན་གཉེར་བ་སོགས་སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་དང་། “སྦུག་མཐུན་གཡོ་བསྒྱུར”དང་། “རྩེ་གྲས་སློབ་བསྡུ” སྒྲིག་འགལ་ཁོངས་བརྒལ་གྱིས་སློབ་མ་བསྡུ་བ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སྒྲིག་འགལ་ངང་སློབ་བསྡུའི་ནང་ཞུགས་པ་སོགས་སློབ་གསོ་དྲང་གཞག་ལ་ཤུགས་རྐྱེན་ཐེབས་པ་དང་སྤྱི་ཚོགས་ཐོག་བསམ་འཆར་མང་བའི་གནད་དོན་ལ་མུ་མཐུད་བཅོས་སྒྲིག་བྱ་རྒྱུ། སྒྲིག་འགལ་གྱིས་རྒྱུགས་ལེན་སྒྲིག་འཛུགས་བྱེད་པ་དང་། སློབ་མའི་སྦྱངས་འབྲས་དང་མིང་རིམ་ཁྱབ་བསྒྲགས་བྱེད་པ། སློབ་འབྲིང་དང་མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད་དྲིལ་བསྒྲགས་དང་འུད་སྒྲོག་བྱེད་པ་སོགས་སློབ་གསོའི་གདེང་འཇོག་ཕྱོགས་སྟོན་ཚན་རིག་དང་མི་མཐུན་པའི་གནད་དོན་ཡོ་བསྲང་ནན་པོ་བྱ་རྒྱུ་བཅས་རེད།