འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།རྒྱལ་བུན་དུང་ཕྱུར་680འགྲེམས་སྤེལ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 15:39】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གསར་འགོད་པས་ཟླ་5ཚེས་28ཉིན་ནོར་སྲིད་པུའི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད། 2025ལོར་ནོར་སྲིད་པུས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་དུས་ཐེངས་དྲུག་བགོས་ནས་མི་དམངས་ཤོག་སྒོར་དུང་ཕྱུར་680ཡི་རྒྱལ་བུན་འགྲེམས་སྤེལ་བྱ་རྒྱུ་རེད། དེའི་ནང་ཐེངས་སྔོན་མའི་དུས་མཚམས་གཉིས་ཀའི་ནང་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་250ཡི་རྒྱལ་བུན་ཟླ་2པ་དང་ཟླ་4པར་སོ་སོར་འགྲེམས་སྤེལ་བྱས་ཡོད། ད་ལྟ་ཟླ་6ཚེས་4ཉིན་སུས་འཇོན་དེ་འགུག་བྱས་པ་བརྒྱུད། དུས་ཐེངས་གསུམ་པའི་མི་དམངས་ཤོག་སྒོར་དུང་ཕྱུར་125གྱི་རྒྱལ་བུན་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། འགྲེམས་སྤེལ་གྱི་བཀོད་སྒྲིག་ཞིབ་ཕྲ་ཞང་ཀང་དངུལ་རྩའི་དོ་དམ་ཅུས་ཀྱི་བུ་ལོན་ཡོ་བྱད་ཀྲུང་དབྱང་བསྡོམས་རྩིས་མ་ལག(CMU)ཐོག་ཁྱབ་བསྒྲགས་བྱ་རྒྱུ་རེད།