འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།ཨ་རིའི་ཕྱི་འགྲིམ་སློབ་མའི་སྐོར་གྱི་སྲིད་ཇུས་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 15:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཐེ་རོན་ཕུ་སྲིད་གཞུང་གིས་ཨ་རིའི་གཞུང་ཚབ་ཁང་ལ་ཕྱི་འགྲིམ་སློབ་མའི་ཐོངས་མཆན་འགོད་པའི་གསར་པའི་ངོ་ཐུག་གླེང་མོལ་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཨ་རི་ཕྱོགས་དང་དེའི་ཐད་འབྲེལ་གཏུག་བྱས་ཡོད་དམ། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་བསྟན་དོན། ང་ཚོས་འབྲེལ་ཡོད་ཀྱི་འཕེལ་ཕྱོགས་ལ་དོ་སྣང་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་ལྡན་གྱི་སློབ་གསོའི་མཉམ་ལས་དང་རིག་གཞུང་སྤེལ་རེས་ལ་འགོག་རྐྱེན་བཟོ་མི་རུང་བའི་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཚུད་པའི་རྒྱལ་ཁབ་ཁག་གི་ཕྱི་འགྲིམ་སློབ་མའི་ཁྲིམས་མཐུན་ལུགས་མཐུན་གྱི་ཁེ་དབང་འགན་སྲུང་ཏན་ཏིག་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན།