གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་29ཉིན། 15:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་2025ལོའི་ཟླ་4ཚེས་24ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་ཚྭ་མཚོ་དཀར་མོ་མཛེས་ལྗོངས་ལ་ལྟ་བཞིན་པའི་ཡུལ་སྐོར་བ་ཡིན་པ།
ཚྭ་མཚོ་ནི་མཚོ་སྔོན་གྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཚྭ་མཚོ་དཀར་མོའི་ཅཱ་ལུད་ཐོན་སྐྱེད་ལག་རྩལ་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ཚྭ་མཚོའི་ལིས་བཙོ་སྦྱང་བྱེད་པའི་འགག་རྩའི་ལག་རྩལ་ལ་ཡང་ཚད་བརྒལ་བྱུང་ནས་ལྗང་མདོག་དང་ནུས་ཆེའི་སྔོག་འདོན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས་ནུས་རྒྱུ་བསྲི་ཚགས་དང་། ཐཱན་ཉུང་གཏོང་། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་རེད།