འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།བོད་དུ་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་དང་གྲོང་ཁྱེར་གྱི་གློག་སྤྱོད་བརྗེ་སྒྱུར་ནུས་ལྡན་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 15:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ལྷ་སར་དམའ་གནོན་འཕྲལ་སྡོམ་གློག་འདོན་རླངས་འཁོར་7གྱི་གྲ་སྒྲིག་རང་གཏོང་མ་ལག་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་བ་དང་ཆན་ཝ་300ཡི་དམའ་གནོན་གློག་འདོན་རླངས་འཁོར་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད་སྒྱུར་བཀོད་བྱས་རྗེས་གྲོང་ཁྱེར་གྱི་གློག་སྤྱོད་དང་གློག་འདོན་འཁོར་ཁང་དུ“ཧའོ་སྐར་ཆ་རིམ་པའི་གློག་གནོན་སླར་གསོ”ཐུབ་ཡོད་པ་རེད།

གློག་འགན་ལེན་དང་རྒྱུན་གཏན་དུ་གློག་མི་ཆད་པ་བྱེད་པའི་ཞིབ་བཤེར་བཟོ་བཅོས་ལས་སྒྲུབ་ཁྲོད“ཧའོ་སྐར་ཆ་རིམ་པའི་གློག་གནོན་སླར་གསོ”བྱས་པ་དེས་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་དང་གྲོང་ཁྱེར་གྱི་གློག་སྤྱོད་སོགས་གློག་ཁུངས་བརྗེ་སྒྱུར་ནུས་ལྡན་ཐུབ་ནས་སྤྱོད་མཁན་གྱིས་གློག་ཁུངས་བརྗེ་བ་ཧ་ལམ་ཚོར་གྱི་མེད་པ་དང་གློག་འདོན་འགན་ལེན་གྱི་བློས་འགེལ་རང་བཞིན་དང་སྤྱོད་མཁན་གྱི་གློག་སྤྱོད་མྱོང་ཚོར་སྔར་བས་ཟབ་ཏུ་ཕྱིན་ཡོད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྒྲིག་ཆས་དོ་དམ་པུའི་ལས་མི་ཟླ་བ་དབང་ཕྱུག་གིས“ད་རེས་ཀྱི་སྒྱུར་བཀོད་ནི་བྱེད་སྒོ་གལ་ཆེན་སྐབས་ཀྱི་གྲོང་ཁྱེར་གྱི་གློག་སྤྱོད་དང་འཕྲལ་སྡོམ་གློག་འགན་ལེན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན། སྲོལ་རྒྱུན་གྱི་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་ནས་གློག་འགན་ལེན་བྱེད་སྐབས་གྲོང་ཁྱེར་གྱི་གློག་འདོན་འཕྲུལ་ཚན་ལ་སྐྱོན་ཤོར་ཚེ་མི་ཐབས་ལ་བརྟེན་ནས་བརྗེ་དགོས་པས་གློག་སྐར་མ་2ནས་5བར་གཏོང་མཚམས་འཇོག་དགོས་སྟབས། སྣང་བ་མེད་པར་རང་འགུལ་ངང་བརྗེ་ཐབས་བྲལ་ཡོད”ཅེས་ངོ་སྤྲོད་བྱས།

གྲུབ་འབྲས་དེ་ཐོག་ནས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་འཕྲལ་སྡོམ་གློག་ཁུངས་མགྱོགས་མྱུར་དང་ལེན་བྱེད་པའི་ལག་རྩལ་ཁྱབ་ཁོངས་ཀྱི་ཚད་བརྒལ་མངོན་པ་དང་། གློག་ཆད་པ་ལས་གྲོང་མི་མང་ཚོགས་ལ་བཟོས་པའི་རྙོག་དྲ་སྔར་བས་སེལ་བ། བྱེད་སྒོ་གལ་ཆེན་དང་ཉམས་ཞན་རྫོང་ཁོངས་ཀྱི་གློག་མཁོ་འདོན་གྱི་བརྟན་ལྷིང་རང་བཞིན་འགན་ལེན་ཐུབ་པ་བཅས“གློག་སྤྱོད་ལ་སེམས་ཁྲལ་མེད་པ་དང་གློག་ཆད་ན་སྣང་བ་མེད་པའི”ཁས་ལེན་མངོན་འགྱུར་བྱུང་ཡོད།

མིག་སྔར། ལག་རྩལ་དེ་བོད་ལྗོངས་ཀྱི་བྱེད་སྒོ་གལ་ཆེན་གྱི་གློག་འགན་ལེན་ལས་དོན་དང་ཁེ་ལས་ཁག་གཅིག་ལ་སྤྱོད་བཞིན་ཡོད་པ་རེད།