གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་29ཉིན། 15:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོར་རྐང་ཚ་རྫོང་གིས་དམངས་འཚོའི་མ་དངུལ་སྒོར་ཁྲི་169752བདེ་ཐང་དང་། ལས་ཞུགས། ཆུ་འདོན་དྲོད་འདོན། བགྲོད་ལམ་སོགས་ཁྱབ་ཁོངས་ལ་བཏང་ནས་དམངས་འཚོའི་བྱ་བ་དངོས་9ལག་བསྟར་བྱས་ཏེ། དམངས་འཚོའི་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་80%ཡན་ཟིན་པར་བྱས་ནས“དམངས་འཚོའི་རྩིས་ཐོ”དེ“བདེ་སྐྱིད་ཀྱི་དངོས་ལྗོངས”ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
འདི་ལོར་རྐང་ཚ་རྫོང་གི་དམངས་འཚོའི་བྱ་བ་9སྒྲུབ་སྐབས་མང་ཚོགས་ཀྱི“ཞུས་ཐོ”དང་། འཐུས་མིའི“མངག་ཐོ” སྲིད་གཞུང་གི“སྒྲུབ་ཐོ” མི་དམངས་འཐུས་ཚོགས་ཀྱི“བཤེར་ཐོ”བཅས་དམངས་ལ་བྱ་བ་དངོས་སྒྲུབ་སྟངས་གསར་རྐྱང་ཞིག་སྤྱོད་འགོ་ཚུགས་ཡོད། 12345ཐད་སྦྲེལ་ཁ་པར་དང་རྫོང་དཔོན་གྱི་ཡིག་སྒམ་སོགས་ལས་སྟེགས་སྣ་ཚོགས་སུ་ཚུར་སྣང་ལན་ཆ་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ནས་དམངས་འཚོའི་བྱ་བ་དངོས་ཀྱི་གྲོས་འགོའི་དོན་ཚན་འཆར་འགོད་གཏན་འཁེལ་བྱས་ཡོད། འབྲེལ་གཏུག་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་དང་། བསམ་འཆར་དང་གྲོས་འགོ་ཉན་རྗེས་འབྲེལ་ཡོད་ཚོགས་འདུར་ཞིབ་འཇུག་དང་གྲོས་ཞིབ་བྱ་རྒྱུར་ཕུལ་མཐར་དམངས་འཚོའི་བྱ་བ་དངོས་9དང་ཞིབ་ཕྲའི་དོན་འཁྱོལ་བྱ་ཐབས་15གཏན་འཁེལ་བྱས་ཏེ། རྣམ་གྲངས་མང་ཚོགས་ལས་བྱུང་བ་ཡིན་པས་དམངས་འདོད་ལ་བརྩི་འཇོག་གང་ལེགས་ཐུབ་པར་བྱས་པ་རེད།
རྐང་ཚ་རྫོང་གིས་རྣམ་གྲངས་ལ་དམིགས་ནས“ཟླ་རེར་བཀོད་གཏོང་དང་དུས་ཚིགས་རེར་བརྡ་ཁྱབ་གཏོང་བའི”ལས་ཀའི་ལམ་སྲོལ་ལག་བསྟར་དང“སྔ་ཙམ་བཀོད་སྒྲིག་དང་མགྱོགས་མྱུར་དོན་འཁྱོལ་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་པས་སྤྱིའི་སྐུལ་སྤེལ་གནས་ཚུལ་ཡག་པོ་ཡོད་པ་རེད། མིག་སྔའི་བར། འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གནས་སྤོ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང《རྐང་ཚ་རྫོང་གི་པུར་འཇུག་དམངས་ཕན་སྲིད་ཇུས་ལག་བསྟར་ཇུས་གཞི》ཡང་བཟོས་པ་རེད། དམངས་འཚོའི་བྱ་བ་དངོས་ལྷག་མ་དག་ལ་འཆར་གཞི་ལྟར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་དེའི་ནང་ཤང་དང་གྲོང་རྡལ་5ཡི་སྲིད་འཛིན་གྲོང་ཚོ་23གྱི་ཞིང་འབྲོག་མང་ཚོགས་ཚོའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་སྤུས་ལེགས་གཏོང་ལས་གྲྭ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ཡོད། འོམ་ཆུ་གྲོང་རྡལ་གྱི་གྲོང་བྱང་ཆུ་འདོན་ལས་གྲྭ་དང་། ཤང་དང་གྲོང་རྡལ་5ཡི་ལས་བྱེད་པའི་ལས་ཤག་རྣམ་གྲངས། དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་གྲོང་ཚོ་ནས་ཚ་ལ་གྲོང་ཚོའི་དབར་གྱི་བགྲོད་ལམ་མཁྲེགས་འགྱུར་སོགས་བགྲོད་ལམ་དང་ཟམ་པའི་རྣམ་གྲངས་དང་། དཔལ་དགེ་གྲོང་རྡལ་གྱི་ནུས་རྒྱུ་གཙང་མའི་དྲོད་གཏོང་རྣམ་གྲངས་སོགས་ཀྱི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)