གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་29ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་ཐོག་བརྡ་ཁྱབ་བཏང་བ་ལྟར་ན། ཟླ་5པའི་ཚེས་28ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་2025ལོའི་ཟླ་4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་པའི་ཕྱོགས་བསྡོམས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་འདིར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན་18845ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་24559ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་ཡོད། དེའི་ནང་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་པ་མི་16513ཡོད། འདི་ནི་ཟླ་བ་140རིང་བསྟུད་མར་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་རེད།
ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ལ་བལྟས་ན། འགན་འཁྲི་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་། ལས་འགན་མ་སྒྲུབ་པ། ལས་ཀ་གང་བྱུང་དུ་བྱས་པ། བྱ་སྤྱོད་རྫུན་མ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐད། ཟླ་4པར་ཁྱོན་བསྡོམས་གནད་དོན་8329ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེས་ཟླ་བ་འདིར་ཞིབ་བཤེར་ཐག་གཅོད་བྱས་པའི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་འབོར་གྱི་86.2%ཟིན་ཡོད། ཟླ་4པར་ཞིབ་བཤེར་ཐག་གཅོད་བྱས་པའི་རིན་གོང་མཐོ་བའི་དམིགས་བསལ་ཐོན་རྫས་དང་ལག་རྟགས་དང་ལག་དངུལ་གྱི་རིགས་སྒྲིག་སྲོལ་དང་འགལ་ནས་བླངས་པ་དང་། ཟ་འཐུང་བྱས་པ། སྒྲིག་སྲོལ་དང་འགལ་ནས་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་རིགས་གསུམ་གྱིས་ཟླ་འདིར་ཞིབ་བཤེར་ཐག་གཅོད་བྱས་པའི་སྤྲོ་སྣང་རིང་ལུགས་དང་རྒྱས་སྤྲོས་གནད་དོན་གྱི་སོ་སོར་55.5%དང་། 20.2% 12.5%བཅས་ཟིན་ཡོད།
ཞིབ་བཤེར་ཐག་གཅོད་བྱེད་རིམ་ཐད་ནས་བལྟས་ན། ཟླ་4པར། རྒྱལ་ཡོངས་སུ་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁྱོན་97དང་། རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་993ཞིབ་བཤེར་ཐག་གཅོད་བྱས་པ། ཤང་གི་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་17755ཞིབ་བཤེར་ཐག་གཅོད་བྱས་པ། དེའི་ནང་ཤང་ཚན་ཁག་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་94.2%ཟིན་ཡོད།