འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།རྒྱལ་ཡོངས་སུ་བརྔ་བསྡུ་འཕྲུལ་འཁོར་གྱིས་གྲོ་བསྡུ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 10:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་མོང་ཁྲེང་རྫོང་ཞའོ་ཤིན་ཅི་ཤང་གི་གྲོ་ཞིང་དུ་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་བསྡུ་བྱེད་བཞིན་པ། (མི་མེད་གནམ་གྲུས་བརྒྱབ་པའི་པར)

འདི་ནི་ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་མོང་ཁྲེང་རྫོང་ཞའོ་ཤིན་ཅི་ཤང་གི་གྲོ་ཞིང་དུ་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་བསྡུ་བྱེད་བཞིན་པ། (མི་མེད་གནམ་གྲུས་བརྒྱབ་པའི་པར)

    ཟླ་5ཚེས་26ཉིན་གྱི་ཆུ་ཚོད་17པའི་བར། ས་གནས་ཁག་གིས་དབྱར་གྲོ་མུའུ་ཁྲི་7005བསྡུས་ཟིན་པ་དང་ཉིན་གསུམ་བསྟུད་མར་ཉིན་རེར་འཕྲུལ་བསྡུ་བྱས་ཁྱོན་མུའུ་ཁྲི་400ལྷག་ཙམ་ཟིན་ནས། རྒྱལ་ཡོངས་སུ་བརྔ་བསྡུ་འཕྲུལ་འཁོར་གྱིས་གྲོ་བསྡུ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

འདི་ནི་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ནན་ཤང་ཏན་ཤང་ཧོ་ཧྥན་གྲོང་ཚོའི་ཤིན་ལེ་མཉམ་ལས་ཁང་དུ་ཚོགས་མིས་རླངས་འཁོར་ནང་གྲོ་བླུག་བཞིན་པ།

འདི་ནི་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ནན་ཤང་ཏན་ཤང་ཧོ་ཧྥན་གྲོང་ཚོའི་ཤིན་ལེ་མཉམ་ལས་ཁང་དུ་ཚོགས་མིས་རླངས་འཁོར་ནང་གྲོ་བླུག་བཞིན་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བཅུ་ཆ་གཉིས་ལྷག་ཙམ་བསྡུས་ཟིན་པའི་ནང་ལྷོ་ནུབ་ས་ཁུལ་དང་དེ་བཞིན་ཧུའུ་པེ་ས་ཁུལ་གྱི་གྲོ་བརྔ་བསྡུའི་ལས་དོན་དུས་མཇུག་ཏུ་སླེབས་པ་དང་། ཧོ་ནན་ས་ཁུལ་དུ་བཅུ་ཆ་གསུམ་ལྷག་ཙམ་བསྡུས་ཟིན་པ། ཨན་ཧུའེ་དང་ཅང་སུའུ་སོཌ་ས་ཁུལ་དུ་གྲོ་བརྔ་བསྡུ་བྱེད་འགོ་ཚུགས་ཙམ་ཡིན་པ་རེད།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིན་ཆུས་ཏུང་ལིན་གྲོང་རྡལ་པའོ་གོ་གྲོང་ཚོར་ཞིང་པས་བསྡུས་ཟིན་པའི་གྲོ་ལ་ལྟ་བཞིན་པ།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིན་ཆུས་ཏུང་ལིན་གྲོང་རྡལ་པའོ་གོ་གྲོང་ཚོར་ཞིང་པས་བསྡུས་ཟིན་པའི་གྲོ་ལ་ལྟ་བཞིན་པ།