དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཀྱི་ལུཌ་མཐུན་ཕྱོཌ་སྟོན་ཐད་སྤྱི་ཚོཌ་ལ་ཕྱོཌ་ནས་བསམ་འཆར་བསྡུ་ལེན་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་29ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་གསར་འགོད་པས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱིས་ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བར་བར་གླ་དང་། ཁེ་བཟང་། ཚོགས་མིའི་གྲོན་དངུལ། ལག་རྩལ་ཞབས་ཞུའི་གྲོན་དངུལ། ཆ་འཕྲིན་ཞབས་ཞུའི་གྲོན་དངུལ། ཚོང་གཉེར་ཁྱབ་གདལ་གྲོན་དངུལ་སོགས་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བའི་ཁྲིམས་མཐུན་ཁེ་དབང་སྲུང་བ། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཀྱི་ལུགས་མཐུན་ཕྱོགས་སྟོན(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་པ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
ཕྱོགས་སྟོན་ལ་ཁྱོན་དོན་ཚན་28ཡོད་ཅིང་། ནང་དོན་གཙོ་བོ་ཕྱོགས་ལྔ་ཚུད་ཡོད་པ་སྟེ། གཅིག་ནི་ལས་སྟེགས་ཀྱིས་གྲོན་དངུལ་བསྡུ་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་རིགས་ཁ་གསལ་བཟོ་དགོས་ཤིང་། ལས་སྟེགས་ཀྱིས་གྲོན་དངུལ་བསྡུ་སྐབས་དྲང་གཞག་དང་། ཁྲིམས་མཐུན། ཁ་དན་ཚིག་གནས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། ཞབས་ཞུའི་གྲོས་མཐུན་དང་། ཉོ་ཚོང་སྒྲིག་སྲོལ། ཉོ་ཚོང་གོམས་གཤིས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་གཉེར་སྐྱོང་མ་གནས་དང་ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བའི་གཉེར་སྐྱོང་གནས་ཚུལ་ལ་ཕྱོགས་བསྡུས་ཐོག་བསམ་གཞིགས་བྱེད་དགོས། གཉིས་ནི་ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བའི་ཁུར་པོ་ཡང་དུ་གཏོང་རྒྱུ་དར་སྤེལ་གཏོང་དགོས་ཤིང་། ལས་སྟེགས་ཀྱིས་ཁྲིམས་མཐུན་དང་། ལུགས་མཐུན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་འོག་སྟབས་བསྟུན་སྣ་མང་ཅན་གྱི་རིན་གོང་གཏན་འཁེལ་བྱེད་པའི་ཐབས་ཇུས་སྤྱོད་པར་སྐུལ་ལྕག་བཏང་སྟེ། ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བ་དང་ལྷག་པར་དུ་ཚོང་པ་འབྲིང་ཆུང་ལ་ཁེ་སྤོགས་བཤུག་པའམ་ཡང་ན་ཆག་ཡང་དང་རྩ་ཆག་གི་རོགས་སྐྱོར་བྱས་ནས། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བའི་གཉེར་སྐྱོང་ཁུར་པོ་ཡང་དུ་གཏོང་དགོས། གསུམ་ནི་ལས་སྟེགས་ཀྱི་ལུགས་མཐུན་རང་གཅུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལས་སྟེགས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལུགས་མཐུན་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། ལུགས་མཐུན་དོ་དམ་རྩ་འཛུགས་འཐུས་སྒོ་ཚང་དུ་དང་ལུགས་་མཐུན་དོ་དམ་པ་བཀོད་སྒྲིག་བྱེད་པ། ལུགས་དང་མི་མཐུན་པའི་གྲོན་དངུལ་བསྡུ་བའི་ཉེན་ཁ་དབྱེ་འབྱེད་དཔྱད་དཔོག་དང་གྲོན་དངུལ་བསྡུ་བའི་ཉེན་ཁ་སྔོན་འགོག་བྱེད་པའི་སྔོན་ཚུད་ཀྱི་ལུགས་མཐུན་ཞིབ་བཤེར་སོགས་ཀྱི་ལམ་སྲོལ་བཙུགས་ནས་ལས་སྟེགས་ཀྱི་གྲོན་དངུལ་བསྡུ་བའི་ལུགས་མཐུན་དོ་དམ་ནུས་པ་ཆེ་རུ་གཏོང་དགོས། བཞི་ནི་ལས་སྟེགས་ཀྱི་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་ཤིང་། ལས་སྟེགས་ཀྱིས་ལུགས་མཐུན་ངང་གྲོན་དངུལ་བསྡུ་བའི་ཚད་གཞི་བཟོ་བ་དང་། གྲོན་དངུལ་བསྡུ་བའི་སྒྲིག་སྲོལ་དང་གྲོན་དངུལ་བསྡུ་བའི་སྤྱི་བསྒྲགས་སོགས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོན་དངུལ་ཉུང་དུ་གཏོང་བ་དང་གྲོན་དངུལ་མི་ལེན་པའི་ཁས་ལེན་བྱས་རིགས་ལག་ལེན་ནན་པོ་བསྟར་བ། ཁག་ཐེག་དངུལ་བསྡུ་བའི་དགོས་ངེས་རང་བཞིན་ལ་དཔྱད་དཔོག་གཟབ་ནན་བྱེད་པ། འདྲ་མཉམ་དང་རང་མོས་ཀྱི་རྩ་དོན་ལྟར་ཁྱབ་སྤེལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ལས་སྟེཌ་ནང་ཁུལ་གྱི་གཉེར་སྐྱོང་བའི་གནས་ཚུལ་ཤེས་དབང་དང་གདམ་གསེས་བྱེད་དབང་འགན་སྲུང་བྱེད་དགོས། དེ་དང་ཆབས་ཅིག་གྲོན་དངུལ་བསྐྱར་དུ་བསྡུ་བ་དང་། གྲོན་དངུལ་བསྡུ་བ་ལས་ཞབས་ཞུ་མི་སྒྲུབ་པ། ལས་སྟེཌ་རང་གིས་སྤྲོད་དགོས་པའི་གྲོན་དངུལ་གཞན་ལ་སྤྲོད་དུ་འཇུག་པ་སོཌ་ཀྱི་ལུཌ་མཐུན་མིན་པའི་གྲོན་དངུལ་བསྡུ་བའི་བྱེད་སྤྱོད་རིགས་8ཁ་གསལ་བཟོས་ཡོད། ལྔ་ནི་ལྟ་སྐུལ་དང་ལག་བསྟར་ལ་ཤུཌ་སྣོན་རྒྱག་དགོས་ཤིང་། ལས་སྟེཌ་ནང་ཁུལ་གྱི་གཉེར་སྐྱོང་བའི་གྲོན་དངུལ་བསྡུ་བའི་ཐད་ཀྱི་གནད་དོན་དུས་ཐོག་ཏུ་གོང་ཞུ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་ལ་རང་འགུལ་ངང་གཞོཌ་འདེཌ་བྱེད་པ་དང་། ལས་རིཌ་ཀྱི་རང་གཅུན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་འགྲན་རྩོད་ནང་འདྲ་མཉམ་ངང་ཞུགས་པ་བཅས་ཀྱི་ཐད་ལས་སྟེགས་ལ་བླང་བྱ་བཏོན་ཡོད།