འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

༄༅།།རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བཞི་པའི་ལྟ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

ཞིང་ཆེན(ལྗོངས)ལྔ་དང་ཀྲུང་དབྱང་གི་ཁེ་ལས་གསུམ་ལ་ལྟ་བཤེར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྲོལ་ཡིག》གི་གཏན་འབེབས་ལྟར། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བཞི་པའི་ལྟ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་8བཙུགས་ནས་ཧྲན་ཤིས་དང་། ནང་སོག ཧྲན་ཏུང་། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན(ལྗོངས)ལྔར་ལྟ་བཤེར་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་ལྟ་བཤེར་དང་ཞིང་ཆེན་ཁུལ་ཁོངས་ཀྱི་ལྟ་བཤེར་ལས་དོན་སྤྱི་འདོམས་ངང་སྤེལ་རྒྱུ་དང་ཆབས་ཅིག་ཀྲུང་གོ་ཧྭ་ནན་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་གི་ཁེ་ལས་3ལ་ལྟ་བཤེར་བྱ་རྒྱུ་ཡིན་པ་དང་། བཅའ་སྡོད་དུས་ཡུན་ཟླ་གཅིག་ལྷག་ཙམ་ཡིན་པ་རེད།