འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།དམག་འཁྲུག་མཚམས་འཇོག་མིན་ཨུ་རུ་སུར་རག་ལས་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 14:31】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་27ཉིན། ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་སེ་པི་ཅ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཡུག་རེན་གྱིས་དམག་འཁྲུག་མཚམས་འཇོག་འདོད་པའི་རྣམ་འགྱུར་བསྟན་པ་རེད། སེ་པི་ཅ་ཡིས་ཡུག་རེན་གྱིས་དམག་མཚམས་འཇོག་འདོད་ཡོད། སང་ཉིན་དམག་མཚམས་བཞག་ནའང་ཆོག་མོད། “འོན་ཀྱང་གནད་འགག་ནི་ཨུ་རུ་སུར་ཐུག་ཡོད་”ཅེས་བཤད་པ་རེད།

ཉེ་ཆར་གནས་འཕྲིན་སྤེལ་བར་གཞིགས་ན། ནང་ཁུལ་གྱི་མི་སྣ་ཁག་ཅིག་གིས་ཐ་ན་ཟླ་7པར་དམག་མཚམས་འཇོག་རྒྱུའི་དུས་ཚོད་ཞིབ་ཕྲ་གླེང་ཡོད་ཅེས་འཁོད་ཡོད་པ་རེད། དེའི་ཐད་སེ་པི་ཅ་ཡིས་ཡུག་རེན་གྱི་ལངས་ཕྱོགས་སླར་ཡང་ནན་བཤད་བྱས་གསལ་དུ། ཨུ་རུ་སུ་འཐད་པ་ཡིན་ཚེ། ཡུག་རེན་གྱིས་དམག་མཚམས་འཇོག་འདོད་ཡོད་ཅེས་བཤད་པ་རེད།