གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་28ཉིན། 14:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གསར་འགོད་པ་ཞིག་གིས། ལྗར་པན་མཚོ་ཐོག་བདེ་སྲུང་ཐིང་གིས་ཁ་སང་ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཤིག་ཁྲུང་ཀྲི་ཉིའོ་བྲག་རྡོའི་ཉེ་འགྲམ་ལྗར་པན་གྱི་ཆེད་མངགས་དཔལ་འབྱོར་ཁུལ་གྱི་མཚོ་ཁོངས་སུ་ཐོན་པ་དང་། ལྗར་པན་ཕྱོགས་ཀྱིས་ལས་ཀ་མཚམས་འཇོག་བྱེད་དགོས་པའི་རེ་བ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་མཚོ་ཁོངས་དེར་བསྐྱོད་པའི་དམིགས་ཡུལ་ཅི་ཡིན་ཞེས་དྲིས།
མའོ་ཉིང་གིས།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》གཞིར་བཟུང་། ཁྲུང་ཀྲི་ཉིའོ་ནི་བྲག་རྡོ་ཡིན་པ་ལས་གླིང་ཕྲན་མིན་པ་དང་། ཆེད་གཉེར་དཔལ་འབྱོར་ཁུལ་དང་སྐམ་སའི་སྒྲོམ་སྟེགས་ཡོད་མི་རུང་། ལྗར་པན་ཕྱོགས་ཀྱིས་ཁྲུང་ཀྲི་ཉིའོ་བྲག་རྡོ་ཆེད་མངགས་དཔལ་འབྱོར་ཁུལ་ཡིན་པའི་འདོད་ཚུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད། ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས་མཚོ་ཁོངས་དེར་བྱེད་སྒོ་སྤེལ་བ་ནི་སྤྱི་པའི་རྒྱ་མཚོའི་རང་དབང་སྤྱོད་པ་ཞིག་ཡིན་པས་ལྗར་པན་ལ་ཐེ་གཏོགས་བྱེད་དབང་མེད་ཅེས་བཤད།