འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།རྩ་འཛུཊ་འདི་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 14:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་26ཉིན་ཨ་ཀེན་ཐིན་གྱི་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འཐེན་བྱ་རྒྱུའི་ཆོད་དོན་བསྐྱར་བསྒྲགས་བྱས་པ་རེད།

ཨ་ཀེན་ཐིན་གྱི་འཕྲོད་བསྟེན་པུའུ་ཡིས་ཨ་རིའི་འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུའི་པུའུ་ཀྲང་ལུའོ་པོ་ཐེ་·F·ཁེན་ཉི་ཏིས་ཨ་ཀེན་ཐིན་ལ་འཚམས་འདྲི་བྱེད་པའི་སྐབས་སུ་གོང་གསལ་གྱི་ཆོད་དོན་བསྐྱར་བསྒྲགས་བྱས་པ་རེད།

ཨ་ཀེན་ཐིན་འཕྲོད་བསྟེན་པུས་ཚེས་26ཉིན་ཨ་ཀེན་ཐིན་གྱི་འཕྲོད་བསྟེན་པུའུ་ཀྲང་མ་ལི་ཨོ་·ལུའུ་ཀེ་ནེ་སིས་ཁེན་ཉི་ཏི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་པོས་མཉམ་འབྲེལ་ལས་དོན་གྲོས་རིམ་ཞིག་བཟོས་ནས་ནད་རིགས་སྔོན་འགོག་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་ཐད་ཕྱོགས་གཉིས་པོའི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

ད་ལོའི་ཟླ་2པར་ཨ་ཀེན་ཐིན་སྲིད་གཞུང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་སྨི་ལའེ་ཡིས་རྒྱལ་ཁབ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།