མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ཅང་ཞི་རུ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་28ཉིན། 13:57】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་26ཉིན། ཅང་ཞི་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཏུང་ཞང་ཆུས་ཕོ་ཀན་ཤང་ཏུང་ཐེང་གི་འབྲི་ཏ་སྔོན་མོའི་ཐོན་ལས་གླིང་གི་རྟེན་གཞི་ཨང་1པའི་ནང་དུ་ཡུལ་སྐོར་བ་ཚོས་ཤིང་ཏོག་གི་སླེ་བོ་འཁྱེར་ནས་དེའི་གསེང་དུ་བསྐྱོད་ནས་འབྲི་ཏ་འཐུ་བའི་སྤྲོ་སྣང་མྱངས་པ་རེད།
ཏུང་ཐེང་འབྲི་ཏ་སྔོན་མོའི་ཐོན་ལས་གླིང་ནི་ཏུང་ཞང་ཆུས་ཀྱི་འབྲི་ཤིང་སྔོན་མོ་རྟེན་གཞི་96གྲས་ཤིག་རེད། ལོ་4ཡི་གོང་དུ། ས་རྒོད་དུ་འདེབས་འཛུགས་སླ་བའི་“འབྲི་ཤིང་སྔོན་མོ་ཨང་1པའི་”འབྲི་ཏ་སྔོན་མོའི་སོན་རིགས་ནི་ཏུང་ཞང་གི་བྱེ་འགྱུར་ས་རྒྱུར་ཤིན་ཏུ་འཚམ་པ་ཤེས་རྟོགས་བྱུང་། ས་གནས་དེ་གར་དེ་ལྟར་བྱས་ནས་རི་རྒོད་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ཏེ་“སྲིད་གཞུང་གི་ཁྲིད་སྟོན་དང་དངུལ་རྩའི་ནུས་པ་འདོན་སྤྲོད། གྲོང་ཚོ་དང་ཁེ་ལས་མཉམ་འགུལ་”གྱི་བྱེད་སྟངས་ལ་བརྟེན་ནས་“རྫོང་རེར་ཐོན་རྫས་རེའི་”ཁྱད་ཆོས་ལྡན་པའི་འབྲི་ཏ་སྔོན་མོའི་ཐོན་ལས་བདེ་བླག་ངང་བཏོད་པ་རེད།
ད་ལྟ། ཏུང་ཞང་གི་རི་མ་ཐང་མུའུ་ཁྲི་1.6ཡི་རི་ལྡེབས་སུ་འབྲི་ཏ་སྔོན་མོའི་སྡོང་བོ་སྔོ་ལྗང་གི་ཚུལ་དང་། ཡལ་ག་འབྲས་བུས་ཁེངས་ཡོད། “འབྲི་ཏ་སྔོན་མོའི་ཐོན་ལས་ཀྱིས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་44ལ་ཐུན་མོང་ཡོང་འབབ་སྒོར་ཁྲི་སྟོང་ལྷག་ཙམ་བྱུང་བ་དང་ཆ་སྙོམས་གྲོང་ཚོ་རེར་ཡོང་འབབ་སྒོར་ཁྲི་30ཙམ་འཕར་ཡོད།” ཏུང་ཞང་ཆུས་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤིན་པིན་གྱིས་ངོ་སྤྲོད་བྱས་དོན། 2024ལོར་ཏུང་ཤང་གི་འབྲི་ཏ་སྔོན་མོའི་ཐོན་ཚད་རྒྱ་མ་ཁྲི་167ཟིན་པ་དང་། ད་ལོའི་ཐོན་ཚད་སྔོན་དཔག་བྱས་ན་རྒྱ་མ་ཁྲི་300ཟིན་རྒྱུ་དང་། ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་3000ལས་བརྒལ་ཐུབ་རེ་ཡོད། “འབྲི་ཏ་སྔོན་མོ་”དེ་དམངས་ཕྱུག་དང་ཁུལ་སྟོབས་ཆེར་གྱུར་བའི་“རིན་བྲལ་མིང་བྱང་”དུ་གྱུར་ཡོད།