གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 14:09】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཞིན་ཧྭ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་26ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱི་དཔོན་རིགས་ཤིག་གིས་ཧ་མ་སིས་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཕུའུ་ཡིས་བཏོན་པའི་ཀཱ་ཟ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུའི་ཇུས་གཞིར་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།