འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་27ཉིན།

༄༅།།དྲག་ཆར་འབབ་རྒྱུའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་27ཉིན། 14:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་5ཚེས་27ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་རྒྱུའི་ཉེན་བརྡ་སྔོན་པོ་བཏང་།

སྔོན་དཔག་བྱས་ན། ཟླ་5ཚེས་27ཉིན་གྱི་ཆུ་ཚོད་8པ་ནས་ཚེས་28ཉིན་གྱི་ཆུ་ཚོད་8པའི་བར། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ས་ཁུལ་མང་ཆེ་བ། ཧུའུ་ནན་གྱི་ས་ཁུལ་མང་ཆེ་བ། ཅང་ཞིའི་ནུབ་རྒྱུད་དང་། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དང་ཧུའུ་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་(ཧའོ་སྨི་100ནས་130བར་)འབབ་རྒྱུ་རེད། གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་ (ཆུ་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི་20~40ཟིན་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཧའོ་སྨི་50ལས་བརྒལ་སྲིད་) འབབ་རྒྱུ་རེད། ས་ཁུལ་ཁག་ཅིག་ཏུ་གློག་འཁྱུག་ཅིང་འབྲུག་སྒྲ་སྒྲོག་རྒྱུ་དང་ལྷགས་པ་ཆེན་པོ་རྒྱག་པ་སོགས་གཏད་རྒྱུག་གནམ་གཤིས་དྲག་པོ་བསྟན་རྒྱུ་རེད།

འགོག་སྲུང་ཕྱོགས་སྟོན།

1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་འགོག་པའི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས།

2.སློབ་གྲྭ་དང་བུ་བཅོལ་ཁང་གིས་བྱེད་ཐབས་འཚམ་པོར་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་བྱེད་དགོས།

3.ཁ་ལོ་བས་གཞུང་ལམ་དུ་ཆུ་འཁྱིལ་བ་དང་འགྲིམ་འགྲུལ་འགག་རིགས་ལ་དོ་སྣང་བྱས་ཏེ་བདེ་འཇགས་ལ་འགན་ལེན་བྱེད་དགོས།

4.གྲོང་ཁྱེར་དང་། ཞིང་ཁ། ཉ་རྫིང་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ནས་འཁྱིལ་ཆུ་ཕྱིར་འབུད་ཀྱི་གྲ་སྒྲིག་ཡག་པོར་བྱེད་དགོས།