འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་27ཉིན།

༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་བསྟུད་མར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་27ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《གཟི་བརྗིད་མཚན་སྙན་མུ་མཐུད་སོར་འཇོག་བྱེད་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་བཅས་ལ་བསྐྱར་ཞིབ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་སླར་ཡང“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

2018ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཡུལ་ཤུལ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ནང་གི་སྐྱེལ་ཁམས་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཁྱེར། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར། ས་མཐོའི་བློ་རིག་དོ་དམ་གྱི་དཔེ་སྟོན་གྲོང་ཁྱེར”བཅས་བློ་ཐག་གཙང་བཅད་ཀྱིས་རྒྱལ་ཁ་ལེན་ཐབས་བྱེད་པ་དམིགས་ཚད་དུ་བྱས་ཏེ། ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་སྔོ་ལྗང་དང་མཛེས་བཟོ་བྱེད་པར་ཤུགས་སྣོན་བརྒྱབ་པས་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཐད་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ་སོགས་ཐོན་ཁུངས་བཀོད་སྒྲིག་མུ་མཐུད་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བས། མང་ཚོགས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲོང་མིའི་བྱང་ཚད་མཐོ་རུ་གཏོང་བའི་ཐད་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་བས་ཤེས་དཔལ་གྱི་བསིལ་རླུང་ཡུལ་ཤུལ་གྱི་ས་གཞི་ཆེན་པོར་ལྡང་ཡོད།

(ཉི་དོན་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)