གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 13:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨ་རིའི་ཁ་ལི་ཧྥོ་ནི་ཡ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཚན་རིག་པས་སྤེལ་བའི་ཞིབ་འཇུག་གསར་ཤོས་ཤིག་ལས་གསལ་དོན། ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་ཁྱིམ་ཆེན་པོ་སྐར་མ་ཕུར་བུ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་སྲ་གཟུགས་ཁག་དང་པོ་བྱུང་ནས་ལོ་ཁྲི་380ཡི་རྗེས་སུ་གྲུབ་པ་དང་། དེ་བྱུང་མ་ཐག་པའི་སྐབས་ཀྱི“གཟུགས་པོ”ནི་ད་ལྟ་ལས་ལྡབ་གཅིག་ཆེ་བ་མ་ཟད། སྐབས་དེའི་སྡུད་རའི་དྲག་ཚད་ནི་ད་ལྟའི་ལྡབ་50ཡིན།