གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 13:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། མཚོ་སྔོན་ཞིང་ཆེན་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་ཅུས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི“སྐྱེ་ཁམས་དང་། མི་ཆོས་རིག་གནས། མཉམ་འདྲེས། གསར་གཏོད་བཅས”བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཉེ་ཆར་འགོ་ཚུགས་པ་རེད། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོའི་དུས་ཡུན་ཉིན་5ཡིན་པ་དང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། “རིག་གནས་ཡུལ་སྐོར་དང་། སྤྲོ་འཕེལ་རོལ་རྩེད། རབ་དགའི་རོལ་རྩེད་བཅས”ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་པ་དང་། དེ་མིན་གྱི་བྱེད་སྒོ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་མཚུངས་སྤེལ་རྒྱུ་ཡིན་ཞིང་། དེ་ནི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་རིགས་ལྔ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མྱུར་པོ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་སྤེལ་རེས་མཉམ་ལས་་ཟབ་ཏུ་གཏོང་བ། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བརྒྱུད་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་བཅས་ཀྱི་བྱེད་སྒོ་གལ་ཆེན་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་བཅས་བྱེད་པ་ཞིག་རེད། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་སོར་འཇོག་བྱས་པའི་ཞིང་ཆེན་དང་པུའུ་རིམ་པའི་དུས་སྟོན་བྱེད་སྒོའི་རྣམ་གྲངས་ཤིག་རེད།
“རླབས་ཀྱི་འཕྱུར་བའི་མཚོ་སྔོན”གྱི་ཚོགས་ར་གཙོ་བོའི་འགོ་ཚུགས་བྱེད་སྒོ་ཟི་ལིང་གྲོང་ཁྱེར་གྱི་ཤིན་ཉིང་ཐང་ཆེན་དུ་སྤེལ་བ་དང་། ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོར་བྱེད་སྒོ་མང་བ་དང་བསམ་བཀོད་གསར་པས་ཕྱུག་ཡོད། འགོ་ཚུགས་མཛད་སྒོ་རིག་གནས་ཡུལ་སྐོར་གྱི་AIགཙོ་སྐྱོང་པས་གཙོ་སྐྱོང་བྱས་ཤིང་། ཚོགས་རའི་ལྟད་མོ་བ་དང་རིག་ནུས་མཉམ་འགུལ་བྱས་པ་མ་ཟད། འཕྲུལ་མིས་གསར་གཏོད་ཆེན་པོ་ལྡན་པའི་ཞབས་བྲོ་འཁྲབ་ནས་རྒྱ་ཆེའི་མང་ཚོགས་ལ་འབྱུང་འགྱུར་གྱི་ཉམས་སྣང་ཤུགས་ཆེན་ལྡན་པའི་མཐོང་ཚོར་བཟང་པོ་ཞིག་མངོན་པར་བྱས་པ་རེད།