འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།ཧུའུ་ཧོ་ཧའོ་ཐེས་འཁྲུག་ཆ་དོད་པའི་བྱེད་སྒོ་སྤེལ་ནས་ཚན་རིག་ཁྱབ་གདལ་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་5ཚེས་24ཉིན། ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཐུའུ་མོ་ཐེ་ཙོ་ཆི་ཧྲར་ཤིན་གྲོང་རྡལ་དུ་ཡོད་པའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་ཁང་ཧྲར་ཤིན་ཞིང་འབྲོག་སྣོལ་མའི་ཁུལ་ཚོད་ལྟའི་དཔེ་སྟོན་རྟེན་གཞིར་ཞིང་ལས་ཚན་རྩལ་སྒོ་དབྱེ་ཉིན་མོའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བར་སློབ་ཆུང་སློབ་མ་དང་ཁྱིམ་བདག་200ལྷག་ཙམ་ཞུགས་ཡོད། བྱེད་སྒོའི་ནང་ཕྲུ་གུ་ཚོས་ནང་སོག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཤེས་རྟོགས་དང་རྩྭ་ཐང་རྟེན་མཛོད་ཁང་དང་། རྒྱལ་ཁབ་བྱང་ཕྱོགས་ཀྱི་གཟན་རྩྭ་སྤུས་ལེགས་ཐོན་ཁུངས་ཀྱི་དུས་འབྲིང་མཛོད། གྲངས་འཛིན་འབུ་སུ་ཧང་འགྲེམས་ཁང་སོགས་འགྲེམས་ཁུལ་དུ་ལྟ་སྐོར་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་ཀྱི་ཤེས་བྱ་མཉམ་དུ་ཉམས་ལེན་དང་སློབ་སྦྱོང་བྱས་ནས་དེང་རབས་ཞིང་ལས་ཚན་རྩལ་གྱི་ཉམས་འགྱུར་རྟོགས་པར་བྱས་ཡོད། འདི་ནི་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཐུའུ་མོ་ཐེ་ཙོ་ཆི་ཧྲར་ཤིན་གྲོང་རྡལ་དུ་སློབ་ཆུང་སློབ་མ་ཚོས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་ཁང་གི་རྩྭ་ཐང་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།