གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐབས་བཅུ་པའི་ཀྲུང་གོའི་ཟློས་གར་བྱ་དགའ•དཔྱིད་འགོའི་མེ་ཏོག་འཁྲབ་སྟོན་གྱི་བྱ་དགའ(སྐབས་སོ་གཉིས་པའི་ཀྲུང་གོའི་ཟློས་གར་དཔྱིད་འགོའི་མེ་ཏོག་གི་བྱ་དགའ)དང་སྐབས་བཅུ་པའི་ཀྲུང་གོའི་ཟློས་གར་བྱ་དགའ•ཚའོ་ཡུས་འཁྲབ་གཞུང་བྱ་དགའ(སྐབས་ཉེར་དྲུག་པའི་ཚའོ་ཡུས་ཟློས་གར་གྱི་རྩོམ་རིག་བྱ་དགའ)ཧྲང་ཧའེ་རུ་ཡོངས་བསྒྲགས་བྱས་ཡོད། ལན་ཐེན་དང་། ཀྲུའུ་ཅེ་ཅིང་། སུན་ནཱ་སོགས་མི་15ལ་དཔྱིད་འགོའི་མེ་ཏོག་གི་བྱ་དགའ་ཐོབ་པ་དང་། ཧྥུའུ་ཅན་གྱི་ཟློས་གར《སྐུ་ཞབས་ཧྭ་ཝང་ཅིན》དང་། ཀྲེ་ཅང་གི་ཟློས་གར《ཆན་ཐང་ལི》 གཏམ་བརྗོད་ཟློས་གར《ཆུས་ཡོན》སོགས་བརྩམས་ཆོས་5ལ་ཚའོ་ཡུས་ཟློས་གར་གྱི་རྩོམ་རིག་བྱ་དགའ་ཐོབ་ཡོད།
ཀྲུང་གོའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་གི་བྱ་དགའ་ནི་ཀྲུང་གོའི་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཡིན་པ་དང་ད་བར་བགྲང་བྱ་42ཙམ་ཕྱིན་ཡོད།