འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 09:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བ་དང་པོ་ནས་བཞི་པའི་བར། འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་ཡོད་པའི་ལས་རིགས་ཆེ་གྲས་ལྔའི་འཕར་ཐང་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་ཡོད། དེའི་ནང་སྤྱི་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་9%དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་4% རླངས་འཁོར་བཟོ་སྐྲུན་ལས་རིགས་11.2% གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་12.7% ཡོ་བྱད་དང་དཔྱད་ཆས་བཟོ་སྐྲུན་ལས་རིགས་9.2%བཅས་འཕར་ཡོད་པ་རེད།

    འཕྲུལ་ཆས་བཟོ་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་ཁྲོད། ཟླ་དང་པོ་ནས་བཞི་པའི་བར་ལྕགས་རིགས་གཏུབ་གཞོག་འཁོར་སྟེགས་རིམ་རྩིས་བརྒྱབ་ན་ཐོན་ཚད་ཁྲི་26ཟིན་པ་དེ་དུས་མཚུངས་ལས་16.8%འཕར་བ་དང་། བཟོ་ལས་འཕྲུལ་མི་རིམ་རྩིས་བརྒྱབ་ན་ཐོན་ཚད་ཆ་ཚང་ཁྲི་22.1ཟིན་པ་དེ་དུས་མཚུངས་ལས་34.1%འཕར་བ། གློག་འདོན་འཕྲུལ་ཙུའུ་རིམ་རྩིས་བརྒྱབ་ན་ཐོན་ཚད་ཆན་ཝ་ཁྲི་10531ཟིན་པ་དེ་དུས་མཚུངས་ལས་90.8%འཕར་བ། ཉི་ནུས་གློག་རྫས་རིམ་རྩིས་བརྒྱབ་ན་ཐོན་ཚད་ཆན་ཝ་ཁྲི་23906ཟིན་པ་དེ་དུས་མཚུངས་ལས་18.8%འཕར་ཡོད།

     གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་ཐད་རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་17.9%དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་8.4% རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་23.6%བཅས་འཕར་ཡོད།